དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་མང་པོས་ཀྲུང་གོའི་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-08

    འདི་ནི་ལ་ཁི་སེན་གྱིས་ན་ནིང་ཟླ་11པར་ཙུང་ལིའི་འགན་བཞེས་ཚུན་ས་གནས་དེ་གའི་ཀྲུང་གོ་བའི་སྡེ་ཁུལ་གྱི་བྱེད་སྒོ་ཆེ་གྲས་ལ་ཞུགས་ཐེངས་དང་པོ་རེད།

    ཤིང་འབྲུག་ལོའི་ལོ་གསར་འཆར་ཉེའི་མཚམས་སུ། རྒྱལ་ཁབ་མང་པོ་ཞིག་གིས་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་དམངས་ཚོགས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་སྟོན་མོར་མཉམ་དུ་མྱོང་རོལ་བྱས།

    ཟླ་2ཚེས་3ཉིན། ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁེ་སེན(མདུན་གྱི་གཡོན)ཨའོ་ཁེ་ལན་དུ་འཚོགས་པའི“དཔྱིད་གསར་མེ་ཏོག་ཚོང་འདུས་ཀྱི་མཉམ་སྤྲོའི་ཉིན་མོའི”བྱེད་སྒོར་ཞུགས་ནས་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་སྟོང་ཕྲག་ཁ་ཤས་དང་མཉམ་དུ་འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ཡོད།  

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།