དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་ནས་ཀྲུང་གོའི་རིག་གནས་ཀྱི་ངོ་མཚར་ཉམས་སུ་མྱོང་བ།

    —— རྒྱལ་ཁབ་མང་པོར“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-08

    ལུགས་རྙིང་འབྲུག་ལོའི་དཔྱིད་གསར་དུས་ཆེན་འཆར་བར་རྟེན་འབྲེལ་ཞུ་ཆེད། “སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་ཉིན་ཤས་བསྟུད་མར་རྒྱལ་ཁབ་མང་པོར་སྤེལ་ཞིང་། འབྲུག་རྩེད་སེང་རྩེད་ལ་ལྟ་བ་དང་། ཀྲུང་གོའི་གློག་བརྙན་ལ་ལྟ་བ། ཀྲུང་ཧྭའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ། མངོན་མིན་རིག་གནས་ཤུལ་བཞག་ལ་ལྟ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་དམངས་ཚོགས་ཀྱིས་འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་ནས་ཀྲུང་གོའི་རིག་གནས་ཀྱི་ངོ་མཚར་ཉམས་སུ་མྱོང་བཞིན་ཡོད།

    “ཀྲུང་གོའི་ལོ། འཛམ་གླིང་གི་ལོ། ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་ཏུ་འབྲེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་དེ་འབར་མའི་གྲོང་ཁྱེར་རང་ཀོང་དུ་གནས་པའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སྤེལ་བ་རེད། རང་ཀོང་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་སོ་ཏེང་གིས། ལོ་གསར་པར་རྣམ་པ་གསར་པ་མངོན། འབར་མས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། འབར་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་འབར་ཀྲུང་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཞེས་བརྗོད།

    ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་ཚེས་4ཉིན་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྲོང་འདབས་སུ་སྤེལ་ཞིང་། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་མིན་ཅོན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་དབར་གྱི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་འཕེལ་ཕྱོགས་བཟང་པོ་ཡོད་པས། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཆར་གཞི་གསར་པ་བཀོད་ཡོད་ཅེས་བརྗོད།

    ཉིན་ཤས་གོང“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་ཀྲུང་གོའི་གློག་བརྙན་དུས་ཆེན་སྐབས་ལྔ་པ་མར་ཐའི་རྒྱལ་ས་ཝ་ལེ་ཐ་རུ་འགོ་ཚུགས་ཤིང་། མར་ཐའི་སང་ཐ་ལུའུ་ཤིས་ཡ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲ་མེ་དབྱིན·ཧྲེང་གཡོད་ཧན་གྱིས། འབྲུག་གིས་སྟོབས་ཤུགས་མཚོན་པས་མར་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་འབྲུག་ལོར་དེ་བས་ཟབ་ཏུ་དང་དམ་ཟབ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

    མིང་དུ“ཤར་ཕྱོགས་ནས་ནུབ་ཕྱོགས། ཀྲུང་དབྱང་གླུ་གར་ཁང་ཀྲུང་ཕྱིའི་གླུ་གར་བརྩམས་ཆོས་རྩེ་གྲའི་དུམ་བུ”ཞེས་པའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་དམིགས་བསལ་རོལ་དབྱངས་འདུ་ཚོགས་ལཱ་ཐེ་ཝེ་ཡའི་རྒྱལ་ས་རི་ཀིར་གཉེར་བ་རེད།

    2024ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རྒྱན་སྤྲས་རླངས་འཁོར་གྱི་སྐོར་སྐྱོད་མོ་རི་ཐིའུ་སིའི་རྒྱལ་ས་ལོ་དབྱི་སི་གྲུ་ཁར་བྱས་ཤིང་། ཀྲུང་གོ་དང་མོ་རི་ཐིའུ་སི་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་800ལྷག་ཙམ་སྐོར་སྐྱོད་ནང་ཞུགས་ཡོད། མོ་རི་ཐིའུ་སིའི་ཙུང་ལི་གཞོན་པ་ཧུའུ་སི་ནུའུ་སོགས་ཀྱིས་མཁར་རྔ་བརྡུངས་ནས་སྐོར་སྐྱོད་བྱེད་སྒོ་མཉམ་དུ་འགོ་བཙུགས་པ་རེད།

    ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུ་ཅར“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་མཚན་ཚོགས་ཀྱིས་ས་གནས་དེ་གའི་དམངས་ཚོགས་མང་པོ་ཞིག་གི“ཀྲུང་གོའི་ལོ་གསར་གྱི་ཉམས་སྣང”མྱོང་རོལ་བྱེད་པའི་ཡིད་དབང་བཀུག་ཡོད། རིག་རྩལ་འཁྲབ་སྟོན་དང་། རོལ་རྩེད་མཉམ་འགུལ། ཞིམ་ཟས་ཐང་ཆེན། པར་རིས་འགྲེམས་སྟོན། གློག་བརྙན་སྟོན་པ་སོགས་ཀྱིས་བྱེད་སྒོར་ཞུགས་མཁན་ལ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་དུ་བཅུག་ཡོད། བྱེད་སྒོར་ཞུགས་མཁན་ས་གནས་དེ་གའི་དམངས་ཚོགས་ཀྱིས། རྟེན་འབྲེལ་བྱེད་སྒོའི་ཐོག་ནས་ནི་ཀྲེ་རི་ཡ་དང་ཀྲུང་གོའི་མི་དམངས་དབར་གྱི་མཛའ་གྲོགས་ཀྱི་བརྩེ་བ་མཚོན་གྱི་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་ཟབ་ཏུ་འགྲོ་བའི་རེ་བའང་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།