དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-08

     མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་2ཉིན་རོ་མའི་སྤྱི་ཁྱབ་པུའུ་རུ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་འདུ་ཚོགས་གཉེར་བ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱལ་ཁབ་ཁག་གི་འབྲུ་རིགས་དང་ཞིང་ལས་སྒྲིག་གཞིའི་འཐུས་མི་དང་གཞུང་ཚབ་ཆེ་མོ་བ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་ཀྱི་སྒྲིག་གཞི་གསུམ་གྱི་འགན་འཁུར་བ། རྒྱལ་སྤྱིའི་སྒྲིག་གཞི་དང་དབྱི་ཐ་ལིའི་འཐུས་མི་བཅས་མི་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ལྒང་བཞུ་ཆེན་པོ་དང་ཀྲུང་གོའི་ལྷས་མདུད་སོགས་ཀྲུང་གོའི་སྲོལ་རྒྱུན་གྱི་མཛེས་རྒྱན་ལེགས་པར་སྤྲས་ཡོད་པས་དུས་ཆེན་གྱི་བཀྲ་ཤིས་དགའ་སྤྲོའི་རྣམ་པས་ཁེངས།

    འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཆུས་ཏུང་ཡུས་ཀྱིས་ཤིས་ཚིག་སྒྲོན་སྐབས། དཔྱིད་གསར་དུས་ཆེན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། འོད་སྟོང་འཕྲོ་བའི་ཤེས་དཔལ་གྱི་སྲོལ་རྒྱུན་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པས། གོ་ལ་ཧྲིལ་པོའི་མི་འབོར་གྱི་བརྒྱ་ཆ་ལྔ་ཙམ་གྱིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ལུགས་རྙིང་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་གི་ཡོད། འདི་ནི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐོག་མ་དེ་ཡིན་ཞིང་། ཚོགས་ཞུགས་སྐུ་མགྲོན་གྱིས་རྣམ་པ་སྣ་ཚོགས་ཀྱི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དངོས་སུ་མྱོང་ཐུབ་ཡོད་ལ། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ལ་གསོན་ཤུགས་ཚད་མེད་ལྡན་པའི་སྣ་མང་ཅན་གྱི་རིག་གནས་ཁྱད་ཆོས་དེ་བས་དར་སྤེལ་གཏོང་ཐུབ་ཡོད་ཅེས་བརྗོད།

    བྱེད་སྒོ་སྤེལ་ཡུལ་དུ་ཐའེ་ཅི་དྲག་རྩལ་དང་། ཇའི་སྒྱུ་རྩལ། ཤོག་དྲས་འདྲ་གཟུགས་སོགས་ཀྱི་འཁྲབ་སྟོན་བྱས་པ་དང་། ཚོགས་ཞུགས་སྐུ་མགྲོན་རྣམ་པས་ཅའོ་ཙེ་དང་པའོ་ཙེ་སོགས་ཀྲུང་གོའི་སྲོལ་རྒྱུན་གྱི་ཞིམ་ཟས་ཀྱི་བྲོ་བ་མྱངས་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་རྫས་ཀྱང་བླངས།

    དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲེན་ཙེ་ཀོང་གིས་འགྲེམས་སྟོན་གྱི་འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀར་འོད་སྟོང་འཕྲོ་བའི་ཚན་རྩལ་དང་རིག་གནས་ཀྱི་ལོ་རྒྱུས་ལྡན་པ་དང་། རྒྱལ་ཁབ་གཉིས་ཀས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱལ་ཁབ་གཉིས་པོའི་ཚན་རྩལ་དང་རིག་གནས་སྤེལ་རེས་ལའང་ལོ་རྒྱུས་ཡུན་རིང་ལྡན་ཡོད། སྤེལ་རེས་དེ་དག་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་པོའི་ཚན་རྩལ་དང་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། གནའ་བོའི་ཕོ་བྲང་གི་རྩ་ཆེའི་ཆུ་ཚོད་འཁོར་ལོ་23པོ་དེ་དག་མ་གཞི་ནས་ཤར་ནུབ་ཚན་རྩལ་དང་སྒྱུ་རྩལ་སྤེལ་རེས་ཀྱི་ཉིང་བཅུད་རེད། དེ་དག་གིས་ཀྲུང་དབྱིན་སྒྲིག་གཞི་དེ་བས་མང་བས་ཕྱོགས་གཉིས་པོའི་སྤེལ་རེས་དང་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་འགྲེམས་སྟོན་རྩེ་གྲ་དང་ཕན་ཚུན་སློབ་སྦྱོང་གི་གོ་སྐབས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།