དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་དུས་གཏན་མེ་འཁོར་གྱི་ལམ་ཐིག་ཉམས་བཟོའི་ལས་ལ་བྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-08

    མཚོ་བོད་ལྕགས་ལམ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁྲར་ཧན་ཚྭ་མཚོ་ནས་རྒྱུད་པ་དང་སྤྱི་ལེ་33ཙམ་ཡོད་པའི་ལམ་ཐིག་དེར“ཚྭ་ཟམ་རིང་མོ”ཞེས་བརྗོད་ཀྱི་ཡོད། དགུན་དུས་དང་དཔྱིད་དུས་སུ་ཚྭ་འདམ་གཤོངས་སར་རླུང་བུ་དྲག་ཏུ་ལྡང་ནས་བྱེ་རྡུལ་ཙམ་མ་ཟད། ཁྲར་ཧན་ཚྭ་མཚོའི་ཚྭའང་གང་སར་ཁྱེར་ཏེ་མེ་འཁོར་ལམ་ཐིག་གི་བརྡ་རྟགས་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་ནས་འགྲོ་སྐྱོད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད།

    མཚོ་བོད་ལྕགས་ལམ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་གོར་མོ་གློག་དོན་དུམ་བུ་གོར་མོ་ཤར་བརྡ་རྟགས་འཁོར་ཁང་ཁྲར་ཧན་བརྡ་རྟགས་ལས་ཡུལ་གྱི“དགུ་བཅུ་ནང་སྐྱེས”ཀྱི་ལས་བཟོ་21གིས་དེ་གར་ལས་གནས་བརྟན་སྲུང་དང་ཁྲར་ཧན་བབས་ཚུགས་ཀྱི་དོ་དམ་བྱེད་ཁོངས་ཀྱི་ལྕགས་ལམ་གློག་དོན་བརྡ་རྟགས་སྒྲིག་ཆས་ཉམས་བཟོ་བདག་སྐྱོང་གི་འགན་འཁུར་གྱི་ཡོད། དཔྱིད་གསར་སྐྱེལ་འདྲེན་རིང་ཁོང་ཚོས་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་འཁོར་སྐྱོད་ལ་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད།

    འདི་ནི་གོར་མོ་གློག་འདོན་དུམ་བུ་གོར་མོ་ཤར་བརྡ་རྟགས་འཁོར་ཁང་ཁྲར་ཧན་བརྡ་རྟགས་ལས་ཡུལ་གྱི་ལས་བཟོ་དབྱང་ཀྲེང་ཧུང(གཡས)དང་ཧུའུ་ཅིན་ཧའེ་ཡིས་ཁྲར་ཧན་བབས་ཚུགས་ཀྱི་ལྕགས་ལམ་ཁ་སྒྱུར་ས་ཚུགས་སུ་ཞིབ་བཤེར་དང་ཉམས་བཟོ་བྱེད་བཞིན་པ།

    འདི་ནི་གོར་མོ་གློག་འདོན་དུམ་བུ་གོར་མོ་ཤར་བརྡ་རྟགས་འཁོར་ཁང་ཁྲར་ཧན་བརྡ་རྟགས་ལས་ཡུལ་གྱི་ལས་ཡུལ་ཀྲང་གཞོན་པ་ཀྲང་ཧྲེ་ཏུའོ་ཡིས་བརྡ་གཏོང་འཕྲུལ་ཆས་ལ་ཞིབ་བཤེར་དང་ཉམས་བཟོ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།