མཁའ་ལམ་གྱི་སྐལ་བཟང་མེ་ཏོག
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ལྕགས་ལམ་བོད་ལྗོངས་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་འགྲུལ་སྐྱེལ་དུམ་བུས་བབས་ཚུགས་ཀྱི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”གི་ཞབས་ཞུའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཟི་ལིང་འགྲུལ་སྐྱེལ་དུམ་བུས་ལས་ཀའི་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་སྟེ་འགྲུལ་པར་དེ་བས་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་བཞིན་ཡོད།
འདི་ནི་ཀྲུང་གོ་ལྕགས་ལམ་བོད་ལྗོངས་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་འགྲུལ་སྐྱེལ་དུམ་བུའི་རིག་རྩལ་ཡན་ལག་རུ་ཆུང་གིས་མེ་འཁོར་ནང་འགྲུལ་པར་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་ཀྲུང་གོ་ལྕགས་ལམ་བོད་ལྗོངས་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་འགྲུལ་སྐྱེལ་དུམ་བུའི་ཤུགས་འགྲེམས་མེ་འཁོར་རུ་ཁག་གི་འགྲུལ་ཞབས་པ་ཝང་ལུའུ་ཡིས་འགྲུལ་པར་ཞབས་འདེགས་ཞུ་བཞིན་པ།