དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སུ་འཛོམས་ནས་མེས་རྒྱལ་ལ་བསྟོད་གླུ་འབུལ།

    བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་གཞོན་ནུའི་མཉམ་གཞས་ཚོགས་པས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གར་སྟེགས་སུ་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-08

    མཉམ་དུ་གླུ་དབྱངས་བླངས་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ། བྱིས་གླུའི་དབྱངས་རྟར་ཉན་ནས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ལེན་བྱེད། ཉེ་ཆར། བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་གཞོན་ནུའི་མཉམ་གཞས་ཚོགས་པ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《མཉམ་དུ་གདོང་ལེན་ལ་གླུ་དབྱངས་ལེན》ཞེས་པའི་ལེ་ཚན་གྱི་གར་སྟེགས་སུ་བསྐྱོད་པ་རེད། མཉམ་གཞས་ཚོགས་པའི་སློབ་མ་ཚོས་བྱིས་པའི་སྐད་གདངས་ལ་བརྟེན་ནས་དུས་རབས་ཀྱི་དབྱངས་རྟ་གླུ་རུ་བླངས་པ་དང་བོད་ཀྱི་བརྩེ་བ་ཟབ་མོ་བརྒྱུད་སྤྲོད་བྱས་པ་རེད།

    ལེ་ཚན་འཁྲབ་སྟོན་བྱེད་རིང་། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་སློབ་མ་30ལྷག་ཙམ་གྱིས་སྙིང་སྟོབས་ཆེར་སྐྱེད་ཀྱིས《གངས་ལྷ་མེ་ཏོག》དང་། 《ངའི་ཕ་ཡུལ་གཞིས་ཀ་རྩེ》 《ངག་བསྡམས་པའི་གངས་རི》 《གོས་འཁྲུའི་གླུ་གཞས》 《ལྷོ་པའི་ལོ་ཆུང་གཞོན་ནུ》བཅས་འཁྲབ་གཏོང་བྱས་པར་རིགས་གཅིག་མཁས་ཅན་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སྒྲིག་བཟོ་ཚོགས་པའི་ཁས་ལེན་གང་ལེགས་ཐོབ་པ་རེད། ལེ་ཚན་བསྟན་རྗེས་དྲ་ཐོག་དང་དྲ་ཕྱི་ནས་ཀྱང་གདེང་འཇོག་བཟང་པོ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོའི་རིང་། རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་མཐའ་འཁྱོངས་བྱས་ཏེ་བྱ་ཐབས་སྣ་མང་སྤྱད་ནས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་རྟགས་རྣམ་གྲངས་འཛུགས་པར་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་མཛུབ་ཁྲིད་འོག གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་དང་ལྗོངས་སློབ་གསོ་ཐིང་སོགས་ཚན་པ་11དང་མཉམ་དུ་བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་གཞོན་ནུའི་མཉམ་གཞས་ཚོགས་པ་བཙུགས་པ་རེད། 2022ལོ་ཚུན། མཉམ་གཞས་ཚོགས་པས་2023ལོའི་བོད་ཆུ་ཡོས་ལོའི་ལོ་གསར་གྱི་མཉམ་སྤྲོའི་དགོང་ཚོགས་དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ། “སེ་འབྲུའི་རྡོག་ལྟར་སྦྲེལ། ཁྱིམ་ཚང་གཅིག་ལྟར་བརྩེ”—བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་ཆུང་བྱིས་པའི་དམིགས་བསལ་ལེ་ཚན། “མཛེས་པའི་བོད་ལྗོངས། གཅེས་པའི་ཕ་ཡུལ”—ལུའོ་ཉན་དབྱིའི་བརྩམས་ཆོས་ཀྱི་རོལ་དབྱངས་འདུ་ཚོགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བོད་ཀྱི་གླེང་སྟེགས་སྐབས་དང་པོ་སོགས་ལྗོངས་ཕྱི་ནང་གི་བྱེད་སྒོ་ཆེ་གྲས་15ཙམ་ལ་གྲུབ་འབྲས་ཐོབ་པའི་ངང་འཁྲབ་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།