དབུ་ཤོག
  • ད་ལོའི་དགུ་ཐུག་བོད་ཚེས་ག་ཚོད་ལ་འཐུང་དགོས་མིན་ཐད། མཁས་དབང་གིས་གསུངས་དོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-02-07

    2024ལོའི་བོད་ཤིང་འབྲུག་ལོའི་ལོ་གསར་མགྱོགས་པོ་གཏོང་ལ་ཉེ་བའི་མཚམས་འདིར་བོད་ཟླ་12པའི་ཚེས་29ཆད་པའི་དབང་གིས་མི་མང་པོ་ཞིག་གིས་ད་ལོའི་དགུ་ཐུག་དེ་ཡང་སྙིང་གནམ་གང་གི་དགོང་མོར་འཐུང་དགོས་སམ། ཡང་ན་ཚེས་28ཉིན་གྱི་དགོང་མོར་འཐུང་དགོས་མིན་ལ་ཐེ་ཚོམ་བྱེད་ཀྱི་འདུག དེའི་སྐོར་ལ་གསར་འགོད་པས་འབྲེལ་ཡོད་གནམ་རིག་སྐར་རྩིས་ཀྱི་མཁས་དབང་ལ་བཀའ་འདྲི་ཞུས་པ་ཡིན། 

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་མཁས་དབང་གིས་གསུངས་དོན། ལྷག་པའི་སྔ་མ་དང་ཆད་པའི་ཕྱི་མ་ཞེས་བོད་ཚེས་29ཆད་པའི་དུས་སུ་གནམ་གང་ཉིན་དགུ་ཐུག་འཐུང་དགོས་པ་དང་། བོད་ཚེས་29ལྷག་པ་དགུ་ཉིས་བརྩེགས་ཀྱི་སྐབས་སུ་བོད་ཚེས་29སྔ་མ་དེར་དགུ་ཐུག་འཐུང་དགོས་པའི་སྲོལ་ཆགས་ཡོད། དེ་ཡང་བོད་ཀྱི་སྐར་རྩིས་གཞུང་ནས་ཉིན་ཞག་དང་། ཚེས་ཞག ཁྱིམ་ཞག་ཞེས་ཞག་གསུམ་བརྩི་སྲོལ་ཡོད་པ་སྟེ། ཞག་ལ་ཚེས་ཞག་དབང་འཛིན་པ་དང་། ཟླ་བ་ལ་ཚེས་ཟླ་དབང་འཛིན་པ། ལོ་ལ་ཁྱིམ་ལོ་དབང་འཛིན་གྱི་ཡོད་པས། ད་ལོའི་དགུ་ཐུག་གནམ་གང་ལ་བཏུངས་ན་གཙུག་ལག་རྩིས་ཀྱི་རིག་པ་དང་ཡོངས་སུ་མཐུན་ཡོད། 

    མདོར་བསྡུས་ནས་ཞུས་ན། ད་ལོའི་དགུ་ཐུག་དེ་གནམ་གང་གི་དགོང་མོར་བཏུངས་ན་གང་ཅིའི་ཐད་ནས་ཀྱང་ལེགས་པར་བསམས། 

    བརྙན་ལམ་གྱི་ཡོང་ཁུངས། བདེ་སྐྱིད་ལྷ་ས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།