དབུ་ཤོག
  • ལོ་གསར་ཚེས་གསུམ་ལ་ང་ཚོ་འདི་ནས་མཇལ་ཡོང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-02-07

    གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོའི་བོད་ཀྱི་ལོ་གསར་གྱི་ཚེས་གསུམ་ཉིན་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་གཟིགས་འབུལ་དང་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་བྱེད་སྒོ་ཟླ་2ཚེས་12ཉིན་གྱི་སྔ་དྲོ་ལྷ་སའི་རྟ་རྒྱུག་ཐང་དུ་སྤེལ་རྒྱུ་རེད།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས། ལྷ་སའི་རྟ་རྒྱུག་ཐང་དུའང་རྟ་རྩལ་ནང་སྦྱོང་གི་བྲེལ་བས་ཁེངས་བཞིན་ཡོད་པ་རེད། རྟ་རྒྱུག་དང་རྟ་རྩལ་གཟིགས་འབུལ་ནི་ལོ་གསར་རིང་གི་སྟོན་མོ་གཟབ་རྒྱས་ཤིག་ཡིན་ཞིང་། ལྟད་མོ་ལྟ་མཁན་ལ་འཁྲུག་ཆ་དོད་པའི་རྟ་རྩལ་གྱི་སྟོན་མོ་ཞིག་གཤོམ་ཆེད། བོད་ལྗོངས་རྟ་རྩལ་རུ་ཁག་གི་རུ་མིས་ཉིན་ལྟར་དཀའ་བ་དང་དུ་བླངས་ནས་ནང་སྦྱོང་དང་རྩལ་འཁྲིད་པའི་ཁྲིད་སྟོན་ལ་ནན་ཏན་ངང་ཉན་ནས་སྦྱོང་བརྡར་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་རྟ་རྩལ་གཟིགས་འབུལ་དང་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་གཉིས་ཡོད་པ་ལས། མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་ནང་སྨི་3000དང་། སྨི་5000 སྨི་8000བཅས་འགྲན་བསྡུར་རྣམ་གྲངས་གསུམ་ཡོད་པ་དང་། རྟ་རྩལ་གཟིགས་འབུལ་ལ་རྣམ་གྲངས་ཆེ་བ་18དང་ཆུང་བ་20ལྷག་ཙམ་ཡོད་ཅིང་། སྐབས་དེར་འགྲན་བསྡུར་འདི་གཉིས་རེས་མོས་ཀྱིས་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།