དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་མགྲོན་ཆུང་ཆུང་ཚོས་ཀྲུང་གོར་ལྟ་སྟངས་འདི་འདྲ་འཛིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2024-02-07

    འདི་ནི་ཧྲང་ཧའེ་ཡུས་ཡོན་སྐྱེད་ཚལ་དུ་གཉེར་བའི་དམངས་སྲོལ་བྱེད་སྒོར་ཨ་རིའི་མ་སི་ཁཱ་ཡན་དམའ་རིམ་སློབ་འབྲིང་གི་སློབ་སྤྱི་ཀྲེན་ཉི་ཧྥུའུ·ལི·ཧྥུའུ་ལི་ཏེ་ལིས་རང་ཉིད་ཀྱིས་བྲིས་པའི་ཡིག་གཟུགས་སྟོན་བཞིན་པ།

    འདི་ནི་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་གྲྭ་གཉིས་པའི་སློབ་མས(གཡོན)ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མར(གཡས)ཀྲུང་གོའི་ལྷས་མདུད་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་ཧྥུའུ་ཏན་སློབ་ཆེན་དུ་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མས་གནའ་བོའི་ཤོག་བུ་བཟོ་སྟངས་མྱོང་རོལ་བྱེད་བཞིན་པ།

    འདི་ནི་ཧྥུའུ་ཏན་སློབ་ཆེན་དུ་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མས་ཐོ་བས་ཤོག་འདམ་བརྡུངས་ནས་གནའ་བོའི་ཤོག་བུ་བཟོ་སྟངས་མྱོང་རོལ་བྱེད་བཞིན་པ།

    འདི་ནི་ཧྲང་ཧའེ་ཡུས་ཡོན་སྐྱེད་ཚལ་དུ་གཉེར་བའི་དམངས་སྲོལ་བྱེད་སྒོར་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མ་ཞིག་གིས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མཛུབ་སྟོན་འོག་བྱི་རིལ་གྱིས་བཟོས་པའི་འདྲ་གཟུགས་ལ་ཕུ་རྒྱག་བཞིན་པ།

    འདི་ནི་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མ(གཡོན)དང་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་གྲྭ་གཉིས་པའི་སློབ་མས་ཕན་ཚུན་སྨོན་ཚིག་བྲིས་པའི་ཤོག་ཆག་སྟོན་བཞིན་པ།

    འདི་ནི་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་གྲྭ་གཉིས་པར་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མས་རང་ཉིད་ཀྱིས་བཟོས་པའི་ཐང་ཡོན་སྟོན་བཞིན་པ།

    འདི་ནི་ཨ་རིའི་མ་སི་ཁཱ་ཡན་སློབ་གྲྭའི་དགེ་སློབ་ཚོས་ཧྲང་ཧའེ་ཡུས་ཡོན་སྐྱེད་ཚལ་གྱི་ཅིའུ་ཆུས་ཟམ་པར་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཧྥུའུ་ཏན་སློབ་ཆེན་དུ་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མས་ཀྲུང་གོའི་གནའ་དཔེ་བཟོ་སྟངས་དང་ཉམས་གསོའི་ལག་རྩལ་ཤེས་རྟོགས་བྱེད་བཞིན་པ།

    འདི་ནི་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མ་འབྲུག་རྩེད་མྱོང་རོལ་གྱི་བྱེད་སྒོར་ཞུགས་བཞིན་པ།

    ཟླ་1ཚེས་26ནས་29ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་མགྲོན་ཆུང་ཆུང་ཡིན་པའི་ཨ་རིའི་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མའི་འཐུས་མི་ཚོགས་པ་དང་བཅས་པ་མི་24ཧྲང་ཧའེ་རུ“ཧྲང་ཧའེ་མྱོང་རོལ་བྱེད། ཀྲུང་གོར་ཤེས་རྟོགས་བྱེད”ཅེས་པའི་2024ལོའི་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་མཐུན་འབྲེལ་བྱེད་སྒོར་ཞུགས་ཏེ་ས་གནས་ས་ཐོག་ནས་ཀྲུང་གོའི་གྲོང་ཁྱེར་གྱི་ངོ་མཚར་དང་སྲོལ་རྒྱུན་རིག་གནས་མྱོང་རོལ་བྱས།

    ན་ནིང་ཟླ་བ་བཅུ་གཅིག་པར། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་དུ་གཉེར་བའི་ཕེབས་བསུའི་གསོལ་སྟོན་ལ་ཞུགས་པ་རེད། ཕེབས་བསུའི་གསོལ་སྟོན་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་སྐབས་ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་ལྔའི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་བྱེད་པར་གདན་དྲངས་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་ཞིང་། འདི་ལོའི་ཟླ་1ཚེས་4ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨོ་ཝ་ཀྲོའུ་ཡི་གྲོགས་པོ་ས་ལ·ལན་ཏི་ལ་འཕྲིན་ལན་སྤྲིངས་སྐབས་མ་སི་ཁཱ་ཡན་གྱི་སློབ་མ་ཚོ་རྣམ་གྲངས་དེའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས།

    ཟླ་1ཚེས་24ཉིན་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མའི་འཐུས་མི་ཚོགས་པ་གདན་ཞུས་ལྟར་པེ་ཅིང་དུ་འབྱོར་པ་དང་། སྐུ་མགྲོན་ཆུང་ཆུང་ཚོས་ཕོ་བྲང་རྙིང་པར་ལྟ་སྐོར་དང་ལྕགས་རི་རིང་པོར་འཛེགས། དེ་ནས་ཧོ་པེའི་ཧྲི་ཅ་ཀྲོང་ཕྱི་སྐད་སློབ་གྲྭར་བསྐྱོད་དེ་དེ་གའི་སློབ་མ་དང་མཉམ་དུ་སྤེལ་རེས་དང་མཉམ་འགུལ་བྱས།

    ཚེས་26ཉིན་ཧྲང་ཧའེ་ལ་འབྱོར་རྗེས་མ་སི་ཁཱ་ཡན་སློབ་འབྲིང་གི་སློབ་མ་ཚོ་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་མཐུན་འབྲེལ་བྱེད་སྒོར་ཞུགས། ཧྲང་ཧའེ་ལྟེ་གནས་སུ་མ་སི་ཁཱ་ཡན་མཐོ་འབྲིང་ལོ་རིམ་གཉིས་པའི་སློབ་མ་མེ་ཤིས·ཡ་མུའུ·ཧའེ་སི་ཡིས“ཐོག་བརྩེགས་ཁང་ཆེན་ནས་ཧྲང་ཧའེ་ལ་རྒྱང་ལྟ་བྱེད་སྐབས་བརྗིད་ཉམས་ཧ་ཅང་ཆེན་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ཡུས་ཡོན་སྐྱེད་ཚལ་དུ་ལོ་རིམ་གཉིས་པའི་སློབ་མ་ཁའེ་ཉི་ཡ·ལུའོ་ཕེ་སིས་བྱི་རིལ་གྱིས་བཟོས་པའི་མི་གཟུགས་བཟོ་རྩལ་ལ་ཧ་ཅང་དགའ་པོ་བྱས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མཛུབ་ཁྲིད་འོག་ཁོང་གིས་ཕུ་བརྒྱབ་ནས་བྱི་རིལ་གྱི་ཁྱི་ཆུང་ཆུང་ཞིག་བཟོས། ཁོང་གིས“དེ་བཟོ་བའི་བརྒྱུད་རིམ་ཧྲིལ་པོ་སྐྱིད་སྣང་དོད་པོ་ཞིག་འདུག་པས། ངའི་ངོས་ནས་བཤད་ན་མྱོང་རོལ་གསར་པ་ཞིག་ཡིན། དགེ་རྒན་གྱིས་ངང་རྒྱུད་རིང་པོས་ང་ཚོར་མཛུབ་ཁྲིད་གནང་ལ། བྱི་རིལ་གྱིས་བཟོས་པའི་མི་གཟུགས་དེའི་བྲོ་བའང་ཞིམ་པོ་འདུག”ཅེས་བརྗོད།

    སློབ་མ་ཚོ་ད་དུང་ཧྥུའུ་ཏན་སློབ་ཆེན་དུ་ཡོང་ནས་ཨ་རིའི་ཞིབ་འཇུག་ལྟེ་གནས་སུ་ཧྥུའུ་ཏན་སློབ་ཆེན་གྱིས་ཨ་རི་དང་སྤེལ་རེས་བྱས་པའི་པར་རིས་འགྲེམས་སྟོན་ལ་བལྟས་ཏེ་ཀྲུང་གོའི་གནའ་དཔེ་བཟོ་སྟངས་དང་ཉམས་གསོའི་ལག་རྩལ་ཤེས་རྟོགས་བྱས་པ་དང་འབྲེལ་གནའ་བོའི་ཤོག་བུ་བཟོ་སྟངས་མྱོང་རོལ་བྱས་པ་མ་ཟད། ད་དུང་ལོ་རྒྱུས་ཀྱི་བཟོ་སྐྲུན་ཞང་ཧུའེ་ཐང་ལ་ལྟ་སྐོར་བྱས་པ་རེད། 1984ལོའི་ཟླ་4ཚེས་30ཉིན། སྐབས་དེར་ཨ་རིའི་ཙུང་ཐུང་གི་འགན་བཞེས་བཞིན་པའི་ལི་ཀེན་གྱིས་གནས་འདིར་གཏམ་བཤད་གནང་མྱོང་། བྱེད་སྒོ་སྤེལ་ཡུལ་དུ་སྐབས་དེའི་དངོས་མཚོན་བརྙན་ཕབ་བསྟན་ཏེ་ལོ་རྒྱུས་ལ་ཕྱིར་དྲན་བྱས།

    “ངས་ཤོག་བཟོའི་ལག་རྩལ་མྱོང་རོལ་བྱས་པ་ཡིན། ཐོ་བས་ཤོག་འདམ་རྡུང་སྐབས་ཧ་ཅང་སྐྱིད་པོ་འདུག་པས། ངས་ཀྲུང་གོའི་གནའ་བོའི་ཤོག་བུ་བཟོ་རྩལ་ལ་རྒྱུས་ལོན་བྱུང་སོང”ཞེས་མ་སི་ཁཱ་ཡན་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་ནཱ་ཐ་ལི·ཨན་ཉི·པོར་སེན་གྱིས་བརྗོད།

    “ཀྲུང་གོའི་སྲོལ་རྒྱུན་རིག་གནས་ནི་མི་རྣམས་ཡིད་དབང་འཕྲོག་པ་ཞིག་འདུག ང་རང་མྱོང་རོལ་གྱི་བརྒྱུད་རིམ་ལ་ཧ་ཅང་དགའ་པོ་བྱུང”ཞེས་རུ་སྣེ་ཁྲིད་ནས་འཚམས་འདྲིར་ཡོང་མཁན་མ་སི་ཁཱ་ཡན་དམའ་རིམ་སློབ་འབྲིང་གི་སློབ་སྤྱི་ཀྲེན་ཉི་ཧྥུའུ·ལི·ཧྥུའུ་ལི་ཏེ་ལིས་བརྗོད་པ་དང་། ཁོང་གིས། ཡུས་ཡོན་སྐྱེད་ཚལ་དུ་རྒྱ་ཡིག་ཡིག་གཟུགས་བྲིས་པ་མ་ཟད། ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ་ཡིག་གཟུགས་ཚོགས་ཆུང་གི་བྱེད་སྒོར་ཡང་ཞུགས་པ་ཡིན་ཞེས་བརྗོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོ་ཀྲུང་གོ་དང་ཨ་རིའི་སློབ་མའི་སྤེལ་རེས་རྣམ་གྲངས་ལ་གདན་དྲངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་མ་ཁྲི་5ཀྲུང་གོར་གདན་དྲངས་པའི་དོན་སྙིང་ནི་ཧ་ཅང་ཟབ། ཀྲུང་གོའི་བྱེད་སྟངས་དེ་ལས་ཀྲུང་གོ་མི་དམངས་ཀྱིས་སྤྲོ་སྣང་ཆེན་པོས་སྐུ་མགྲོན་ལ་སྣེ་ལེན་ཞུ་ལུགས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་སྲོལ་རྒྱུན་མངོན་ཡོད། གཞོན་ནུས་འབྱུང་འགྱུར་མཚོན་པས་ཁོང་ཚོར་དོ་ཁུར་གནང་བ་ནི་འཛམ་གླིང་ལ་དགའ་ཞེན་ཆེ་ཤོས་གནང་བ་ཞིག་རེད”ཅེས་ཧྥུའུ་ལི་ཏེ་ལིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།