དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཨུ་ཡོན་ཧན་ཝུན་ལིན་གྱིས་བརྗོད་དོན།

    ས་མཐོའི་སྐྱེ་ཁམས་བཟང་པོར་རྒྱལ་ཡོངས་ཀྱི་ཡུལ་སྐོར་བའི་ཡིད་དབང་འཕྲོག་པར་བྱེད་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཆའོ་ཏུང་།   |     སྤེལ་དུས།  2024-02-07

    འཐུས་མི་དང་ཨུ་ཡོན་གྱི་འགན་སྒྲུབ་གཏམ་རྒྱུད།

    ཟི་ལིང་དུ་2024ལོའི་གངས་ཐོག་མ་ལྷབ་ལྷབ་ཏུ་བབས་ཤིང་། དཔྱིད་ཚུགས་པའི་ཉིན་དེར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་ཞིང་ཆེན་སཱ་ལར་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧན་ཝུན་ལིན་གྱིས། རླངས་འཁོར་དུ་བསྡད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དུ་བསྐྱོད། ལམ་ངོས་སུ་མངོན་མེད་འཁྱགས་སྲབ་ཐེབས་ཡོད་པ་དང་ཉི་ཟླ་རི་བོ་དལ་བུར་བརྒལ་རྗེས་ལྷོ་རིའི་རྒྱབ་ངོས་ནི་མུ་མཐའ་མེད་པའི་མཚོ་སྔོན་པོ་རེད། སྐབས་དེ་དུས་ཀྱི་མཚོ་སྔོན་པའི་མཚོ་ངོས་མང་ཆེ་བ་དར་ཆགས་ནས་འཁྱགས་པའི་མེ་ཏོག་བཞད་པ་ལྷག་པར་ལྟ་ན་སྡུག ཧན་ཝུན་ལིན་གྱིས་ལྷོ་ལམ་བརྒྱུད་མདུན་ཕྱོགས་སུ་བསྐྱོད། གྲོང་ཚོ་གཅིག་གམ་ཡང་ན་ལྗོངས་གཟིགས་སྒང་གཅིག་ལ་སླེབས་རིམ་བཞིན་ཁོང་གིས་ས་གནས་ས་ཐོག་ཏུ་གནས་ཚུལ་མཐིལ་རྟོགས་བྱས་པ་སྟེ། “རྩྭ་ཐང་བྱེ་ཐང་ལ་འགྱུར་ཚད་ཚབས་ཆེན་པོ་འདུག་གམ”དང་། “ན་ནིང་ཡུལ་སྐོར་བ་ཡོང་མཁན་ག་ཚོད་འདུག་གམ”ཞེས་དྲིས།

    ཧན་ཝུན་ལིན་ཡུལ་སྐོར་ལས་རིགས་སུ་ཞུགས་ནས་ལོ་ཉི་ཤུ་ཙམ་སོང་ཞིང་། མཚོ་སྔོན་གྱི་ཡུལ་སྐོར་ལས་རིགས་ལ་ཁོང་གིས་དམིགས་བསལ་གྱི་བརྩེ་དུང་ཡོད། “མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་མིང་བྱང་ལྟ་བུ་ཡིན་པས། སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་འགྱུར་བར་བྱེད་པའི་ལམ་བུ་འཚོལ་ཞིབ་ཀྱང་བྱེད་དགོས། འདི་ལོ་ངས‘ས་ཁོངས་སྒྲོལ་བའི་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་བསྡུ་སྒྲིལ’དང‘མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་ཞིང་བ་ཚྭ་ཅན་བཅོས་སྒྲིག’གི་ཁ་ཕྱོགས་གཉིས་ལ་དམིགས་ནས་བརྟག་ཞིབ་བྱེད་རྩིས་ཡོད། ང་ད་རེས་ཡོང་དོན་ནི་མཚོ་སྔོན་པོ་མ་དཔེར་བྱས་ནས་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་ཆེད་དུ་ཡིན”ཧན་ཝུན་ལིན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཧེ་མ་ཧོ་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་པ་དང་བཞུགས་མོལ་བྱེད་སྐབས། འགལ་ཟླར་མི་གཡོལ་བ་དང་གནད་དོན་ལ་ཐད་ཀར་དམིགས་ནས“ན་ནིང་མཚོ་སྔོན་པོ་སྐབས་ཤིག་རིང‘གླེང་ཆེར’གྱུར་ཡོད། ང་ཚོས་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་དོགས་འཆར་སེལ་བ་དང་དམིགས་བསལ་གཉེར་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་བརྗོད།

    ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་ལ་འཁེལ་པོས་གྲོས་གཞི་བཏོན་པ། 2018ལོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལ་བདམས་པ་ནས་བཟུང་། ཧན་ཝུན་ལིན་གྱིས“རྨ་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས”དང་། “རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན”“གྲངས་ཉུང་མི་རིགས་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས”སོགས་བརྗོད་དོན་གཙོ་བོར་དམིགས་ནས་བརྟག་ཞིབ་རབ་དང་རིམ་པ་བྱས་ཡོད།

    རྨ་ཆུའི་མཚོ་སྔོན་དུམ་བུའི“སྨད་རྒྱུད”ཀྱི་ངོགས་གཉིས་དེ་བས་ལྗང་མདོག་ཏུ་འགྱུར་ཇེ་ཆེར་སོང་། ཁོང་གིས་བཏོན་པའི《རྨ་ཆུའི་ངོགས་གཉིས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དེ་མཚོ་སྔོན་གྱི་རྨ་ཆུའི་ངོགས་གཉིས་ཀྱི་སྔོ་འགྱུར་ལས་གྲྭ་བརྒྱུད་ལོ་རེ་བཞིན་མངོན་འགྱུར་བྱེད་བཞིན་མཆིས། ས་རིམ་བཞིན་རུབ་ནའང་ཧན་ཝུན་ལིན་གྱིས་སླར་ཡང་བརྟག་ཞིབ་བྱེད་པར་ཐོན། “ང་དོ་དགོང་གསེར་ཆེན་གཤོངས་སར་ཕྱིན་ནས། སང་ཉིན་ས་ཞིང་བ་ཚྭ་ཅན་གྱི་གནས་ཚུལ་ལ་ལྟ་གི་ཡིན། ངའི་བསམ་འདུན་ནི་རྨ་ཆུ་དེ་བས་དྭངས་སུ་འགྲོ་བ་དང་། བྱེ་ཐང་སྔོ་ལྗང་དུ་འགྱུར་བ། སྐྱེ་ཁམས་ཡག་པོས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ་བཅས་བྱས་ནས་མཚོ་སྔོན་མི་དམངས་ཕྱུག་འགྱུར་གྱི‘གསེར་རི་དངུལ་རིར’འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད།

    གསར་འགོད་པའི་ཟིན་བྲིས།

    འདི་ལོ་བརྩིས་ན་ཧན་ཝུན་ལིན་གྱིས་ལོ་བདུན་བསྟུད་མར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས། ཧན་ཝུན་ལིན་གྱིས་བཏོན་པའི་ལོ་རེའི་གྲོས་གཞིར་ལྟ་སྐབས“རྨ་ཆུ”དང་། “རྒྱལ་ཁབ་སྤྱི་གླིང”“རང་བྱུང་སྲུང་སྐྱོང་ཁུལ”བཅས་ནི་འགག་རྩའི་ཐ་སྙད་རེད། ཁོང་གཞི་རིམ་དུ་ལས་ཀ་བྱེད་རིང་གི་ལྟ་ཚུལ་དང་ལྟ་ཞིབ་ཧུར་ཐག་བྱས་པ་ལས་ཁོང་གིས་བཏོན་པའི་ནང་དོན་དེ་དག་གནད་ལ་འཁེལ་ཞིང་ཞིབ་ཅིང་ཕྲ། འདི་ལོ་ཞིང་ཆེན་སྒྲོལ་བའི་ཡུལ་སྐོར་ཕྱོགས་བསྡུས་ཁུལ་བསྐྲུན་རྒྱུར་དམིགས་ཏེ་ཁོང་གིས་སླར་ཡང་གྲ་སྒྲིག་ཨང་བསར་བྱས།

    ཧན་ཝུན་ལིན་གྱིས་མཚོ་སྔོན་གྱིས་ནུས་རྒྱུ་གསར་པ་འཛུགས་སྐྲུན་དང་། སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་གསར་གཏོད་བཅས་གང་ཞིག་བྱས་ཀྱང་ཚང་མ“སྐྱེ་ཁམས”ཞེས་པའི་གཞི་འདི་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱས། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཁོང་གིས་ལོ་བདུན་ནང་སྐྱེ་ཁམས་ལ་དམིགས་ནས་མཚོ་སྔོན་གྱི་ས་ཆ་མང་པོར་བསྐྱོད་དེ། བསམ་པའི་སྟོབས་ཤུགས་དང་གྲོས་གཞིའི་རྒྱུ་ཆ་མང་པོ་འཚོལ་ཞིབ་བྱས། ཁོང་གིས“ས་ཆ་མང་པོར་བསྐྱོད་ནས་མཐིལ་རྟོགས་བྱས་ཚེ་གཞི་ནས་གྲོས་གཞི་ཡག་པོ་འདོན་ཐུབ”ཅེས་ཡང་ཡང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།