མཚོ་སྔོན་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་མཁན་མི་གྲངས་ཁྲི་450ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་1ཚེས་29ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་ལ་ཞུགས་མཁན་མི་གྲངས་ཁྲི་450དང་། ཁྲི་68 ཁྲི་118བཅས་སོ་སོར་ཟིན་ཡོད། རྒན་གསོའི་དངུལ་དང་། ལས་ཤོར་འགན་བཅོལ་དངུལ། ལས་རྨས་འགན་བཅོལ་བཅས་ཀྱི་ཐོབ་ཐང་ལེགས་སྒྲིག་དང་མཐོ་རུ་བཏང་ནས། དཀའ་ངལ་ཡོད་པའི་ཚོགས་སྤྱིར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་སྒོར་ཁྲི་3158ཚབ་སྤྲོད་བྱས་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་69བརྩོན་ལེན་བྱས་པ། ཐོབ་ཐང་སྒོར་དུང་ཕྱུར་357སྤྲད་ཡོད་པ་རེད།
མཚོ་སྔོན་གྱིས་སྤྱི་ཚོགས་འགན་སྲུང་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་དང་སྤྱི་འདོམས་དང་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་སོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཟི་ལིང་ནི་མི་སྒེར་གྱི་རྒན་གསོའི་དངུལ་སྔོན་ལ་ཚོད་ལྟ་བྱ་ཡུལ་ཡིན་པའི་ངོས་ནས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དེའི་ཐད་ཆེད་དོན་འཆད་འགྲེལ་བྱས་ཏེ། ལས་དོན་པས“སྲིད་ཇུས་ཀྱི་ཁེ་འབབ”ཁོང་དུ་ཡང་དག་ཆུད་པའི་འགན་ལེན་བྱས་ནས། ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད། 2023ལོར་ཟི་ལིང་གི་མི་ཁྲི་27.68ལ་རྒན་གསོ་འགན་བཅོལ་དངུལ་གྱི་རྩིས་ཁྲ་བཙུགས་ཡོད་པ་རེད།