དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྔོན་ཆད་ཀྱི་གཟིགས་མོ་བ་ད་ཆ་འཁྲབ་སྟོན་པ་གཙོ་བོར་གྱུར་པ།

    ཀོང་པོ་རྒྱ་མདའ་རྫོང་གི་དཔྱིད་གསར་ལ་བསུ་བ་ཞུ་བའི་མཚན་ཚོགས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-07

    ཉེ་དུས་ཀོང་པོ་རྒྱ་མདའ་རྫོང་གི“དུས་བཞི་རི་མོ་ལས་མཛེས་པའི་ཀོང་པོ་རྒྱ་མདའ”དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་མཚན་ཚོགས་དང“ས་གཞི་ཆེན་པོས་གླུ་དབྱངས་ལེན། དུས་བཞི་གྲོང་ཚོའི་མཚན་ཚོགས”ཀོང་པོ་རྒྱ་མདའ་རྫོང་གི་ཚོགས་ཁང་ཆེན་པོར་གཉེར་བ་རེད།

    འགོ་ཚུགས་ཞབས་བྲོ《དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི》དགའ་སྤྲོའི་སྟངས་སྟབས་དང་བསྟུན་ནས་མཚན་ཚོགས་དངོས་སུ་འགོ་ཚུགས་པ་རེད། གླུ་གར་དང་དགོད་བྲོའི་གཏམ་གླེང་སོགས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བྱས་པར། སྲོལ་རྒྱུན་གྱི་མི་རིགས་སྒྱུ་རྩལ་གྱི་ནང་དོན་ཡོད་ལ། དེང་རབས་ཀྱི་དར་སོ་ཆེ་བའི་ནང་དོན་ཡང་ཡོད་པས། གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མཚོན་ལ། རེ་བས་ཁེངས་པའི་འབྱུང་འགྱུར་ལ་བཅངས་པའི་ཡིད་སྨོན་ཡང་མཚོན་ཡོད། ཉམས་འགྱུར་ལྡན་པའི་སྟངས་སྟབས་རེ་རེ་དང་བདེ་སྐྱིད་ལྡན་པའི་འཛུམ་མདངས་རེ་རེ་ལས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་སྤྲོ་སྣང་མཚོན་གྱི་ཡོད། འཁྲབ་སྟོན་བྱེད་རིང་ལྟད་མོ་བ་ཚོའི་དགའ་བསུ་སྒྲ་དང་དགོད་སྒྲ་ཡང་ནས་ཡང་དུ་གྲགས་ནས། རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། གྲོང་གསར་ཤང་གི་མང་ཚོགས་མཚོ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ལག་ཐོགས་ཁ་པར་ནས་ལྟད་མོ་ཆེ་བའི་འཁྲབ་སྟོན་པར་ལེན་བྱས་པའི་བརྙན་ཐུང་ང་ཚོར་སྟོན་ཞོར་དུ“དངོས་གནས་ལྟད་མོ་ཧ་ཅང་ཆེན་པོ་འདུག”ཅེས་བཤད།

    གར་སྟེགས་ཐོག་མང་ཚོགས་ཚོས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཤིང་། མང་ཚོགས་རྣམས་སྔོན་ཆད་གར་སྟེགས་འོག་གི་ལྟད་མོ་བ་ནས་ད་ཆ་གར་སྟེགས་ཐོག་གི་འཁྲབ་སྟོན་པ་གཙོ་བོར་གྱུར་པས། ཞིང་འབྲོག་མང་ཚོགས་འཁྲབ་སྟོན་ནང་ཞུགས་པའི་ཧུར་སེམས་ཆེན་པོ་ཡོད། བྲག་ཆུ་གྲོང་རྡལ་དུང་མ་གྲོང་ཚོའི་གྲོང་མི་རིག་འཛིན་རྡོ་རྗེ་དུས་རྒྱུན་ནས་ཞབས་བྲོ་འཁྲབ་རྒྱུར་དགའ་བས། ད་རེས་རང་འགུལ་ངང་མཚན་ཚོགས་ལ་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། “ང་ཚོས་འཁྲབ་པའི་ཞབས་བྲོ་ནི《དགའ་སྐྱིད་མཉམ་འཛོམས》ཞེས་པ་དེ་ཡིན་པ་དང་། ལེ་ཚན་འདི་ཡག་པོ་འཁྲབ་ཆེད་ང་ཚོས་ནང་སྦྱོང་ཟླ་བ་གཉིས་ལྷག་ཙམ་བྱས་པ་ཡིན། ད་ཐེངས་ཀྱི་མཚན་ཚོགས་དེ་དྲ་རྒྱའི་ཐོག་ནས་ཐད་གཏོང་བྱེད་རྒྱུ་ཡིན་ལུགས་གོ་ཐོས་བྱུང་བས་ངའི་ནང་མི་དང་གཉེན་ཉེ་གྲོགས་པོ་ཚང་མས་ངའི་འཁྲབ་སྟོན་མཐོང་ཐུབ་པའི་རེ་བ་ཡོད”ཅེས་རིག་འཛིན་རྡོ་རྗེས་བཤད།

    ཏང་གི་འགོ་ཁྲིད་འོག ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་འབད་ཐབས་བྱས་པས་འཚོ་བ་ཉིན་རེ་བཞིན་ལེཌ་སུ་འགྲོ་བཞིན་ཡོད། 《རླུང་རྟ་དར》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་པོ་དང་བསྟུན་ནས་ཀོང་པོ་རྒྱ་མདའ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོཌ་ཚོས་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ལོ་གསར་པར་བསུ་བ་ཞུས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།