དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན། ཧུང་ཧའེ་ཡི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་བར་གཞོལ་རྒྱུ་ཡིན།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཧའེ་ཡི་དུས་བབ་ཛ་དྲག་ཏུ་མི་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ལ། ཕྱོགས་ཁག་དང་མཉམ་དུ་ཧུང་ཧའེ་ཡི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཧུའུ་སའེ་དྲག་ཆས་ཀྱིས་ཧུང་ཧའེ་རུ་འཇབ་རྒོལ་བྱས་པས། ཀྲུང་གོ་དང་དབུས་ཤར་རྒྱལ་ཁབ་དབར་གྱི་ཚོང་དོན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས། “ཧུང་ཧའེ་ཆུ་ཁོངས་ནི་རྒྱལ་སྤྱིའི་དངོས་ཟོག་དང་ནུས་རྒྱུའི་ཚོང་དོན་བགྲོད་ལམ་གལ་ཆེན་ཞིག་རེད། ང་ཚོས་ཧུང་ཧའེ་ཡི་དུས་བབ་ཛ་དྲག་ཏུ་མི་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ལ། དམངས་སྤྱོད་གྲུ་གཟིངས་ལ་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུའི་རེ་འབོད་ཀྱང་བྱེད་ཀྱི་ཡིན། ཡེ་མེན་ཚུད་པའི་ཧུང་ཧའེ་མཚོ་ངོགས་རྒྱུད་ཀྱི་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་ཏན་ཏིག་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། སླད་ཕྱིན་ཕྱོགས་ཁག་དང་མཉམ་དུ་ཧུང་ཧའེ་ཡི་དུས་བབ་ཞི་ལྷོད་དུ་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བརྗོད།

    དབང་ཝུན་པིན་གྱིས། ཧུང་ཧའེ་ཡི་དུས་བབ་ཛ་དྲག་ཏུ་འགྲོ་རྐྱེན་གཙོ་བོ་ནི་ཅ་ཧྲའི་གདོང་ཐུག་རྒྱ་སྐྱེད་དུ་སོང་བས་རེད། ཅ་ཧྲའི་དམག་འཁྲུག་གང་མགྱོགས་ཞོད་འཇགས་ཐུབ་ཚེ་ཧུང་ཧའེ་ཡི་དུས་བབ་ཞི་ལྷོད་དུ་འགྲོ་བར་ཕན་པ་ཡོད། “ང་ཚོས་ཅ་ཧྲའི་གདོང་ཐུག་བྱུང་མཁན་ཕྱོགས་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་ཏན་ཏིག་བྱས་ནས། འཕྲལ་དུ་དམག་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་མཐུན་སྦྱོར་བྱ་སྤྱོད་སྤེལ་དགོས་ཀྱི་འདུག”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།