དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2023ལོར་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་མཉམ་ལས་འཕེལ་རྒྱས་བརྟན་པོ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2023ལོར་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་དངུལ་གཏོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་10418.5ཟིན་པ་དེ་དུས་མཚུངས་ལས་5.7%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1478.5ཟིན་པ་དེ་དུས་མཚུངས་ལས་0.9%འཕར་བ)འཕར་ནས་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་མཉམ་ལས་འཕེལ་རྒྱས་བརྟན་དུ་ཕྱིན་ཡོད།

    འབྲེལ་ཡོད་གྲངས་གཞི་ལས་མངོན་པར། 2023ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་དངུལ་རྩའི་རིགས་མ་ཡིན་པར་ཐད་ཀར་མ་དངུལ་གཏོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་9169.9ཟིན་པ་དེ་དུས་མཚུངས་ལས་16.7%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1301.3ཟིན་པ་དེ་དུས་མཚུངས་ལས་11.4%འཕར་བ)འཕར་ཡོད། རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་དངུལ་གཏོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་2240.9ཟིན་པ་དེ་དུས་མཚུངས་ལས་28.4%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་318ཟིན་པ་དེ་དུས་མཚུངས་ལས་22.6%འཕར་བ)འཕར་ཡོད། ལོ་ཧྲིལ་པོར་ཕྱི་ཕྱོགས་སུ་ལས་གྲྭ་འགན་གཙང་བླངས་པའི་ཚོང་གཉེར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་11338.8ཟིན་པ་དེ་དུས་མཚུངས་ལས་8.8%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1609.1ཟིན་པ་དེ་དུས་མཚུངས་ལས་3.8%འཕར་བ)འཕར་ཡོད། གན་རྒྱ་གསར་འཇོག་ཐད་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་18639.2ཟིན་པ་དེ་དུས་མཚུངས་ལས་9.5%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་2645.1ཟིན་པ་དེ་དུས་མཚུངས་ལས་4.5%འཕར་བ)འཕར་ཡོད། རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཏུ་ལས་གྲྭ་འགན་གཙང་བླངས་པའི་ཚོང་གཉེར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་9305.2ཟིན་པ་དེ་དུས་མཚུངས་ལས་9.8%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1320.5ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ)འཕར་ཡོད། གན་རྒྱ་གསར་འཇོག་ཐད་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་16007.3ཟིན་པ་དེ་དུས་མཚུངས་ལས་10.7%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་2271.6ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ)འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།