དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་ཀྲུང་སིང་དཔལ་འབྱོར་མཉམ་ལས་གླེང་སྟེགས་སིང་ཀ་ཕོར་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-06

    ཟླ་2ཚེས་1ཉིན། 2024ལོའི་ཀྲུང་སིང་དཔལ་འབྱོར་མཉམ་ལས་གླེང་སྟེགས་སིང་ཀ་ཕོར་དུ་གཉེར་བ་དང་། གླེང་སྟེགས་དེ་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན(ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན)དང་སིང་ཀ་ཕོར་བཟོ་ཚོང་མཉམ་འབྲེལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དེ་ཡིན།

    འདི་ནི་ཟླ་2ཚེས་1ཉིན་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་སིང་ཀ་ཕོར་བཟོ་ཚོང་མཉམ་འབྲེལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་འཐུས་མིས་སིང་ཀ་ཕོར་དུ་གཉེར་བའི་ཀྲུང་སིང་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཐོག་མཉམ་ལས་ཀྱི་དྲན་ཐོར་མུ་མཐུད་མིང་རྟགས་འགོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།