སྔར་སྲོལ་མ་ཉམས་རྒྱུན་འཛིན་གྱིས། གནམ་ལོ་གསར་པར་བསུ་བ་ཞུ།
ཟླ་2ཚེས་3ཉིན་དམིགས་བསལ་གྱི“བྱིས་པའི་བོད་ཆས་ངོམས་སྟོན”བྱེད་སྒོ་ཞིག་ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་དཔེ་དེབ་ཁང་ཞིག་ཏུ་གཉེར་བ་དང་། དགེ་རྒན་ཚོས་ཕྲུ་གུ་ཚོར་བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་གོམས་གཤིས་འགྲེལ་བཤད་བརྒྱབ་པ་དང་ད་དུང་སྒྲ་སྙན་དཀྲོལ་གཏོང་དང་། ལག་ཤེས་ཐོན་རྫས་བཟོ་བ། དགུ་ཐུག་འཐུང་བ་སོགས་ཀྱི་ནང་དོན་སྣ་ཚོགས་ལས་ཕྲུ་གུ་ཚོའི་དགུན་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ། འཆར་ཉེར་ཡོད་པའི་བོད་ཀྱི་ལོ་གསར་ལ་བསུ་བ་ཞུས་པ་རེད། འདི་ནི་ཟླ་2ཚེས་3ཉིན་ཕྲུ་གུ་ཚོས་ལྷ་སའི་བྱིས་པའི་བོད་ཆས་ངོམས་སྟོན་བྱེད་སྒོའི་ཐོག་སྒོར་གཞས་འཁྲབ་བཞིན་པ།