བློ་སྒྲིལ་སེམས་སྐྱེད་དང་། ཟབ་སྦྱོང་ལག་བསྟར། དངོས་ཕན་དངོས་སྒྲུབ་བཅས་ལ་བརྟེན་ནས་བོད་ཀྱི་རྒྱུགས་ལན་ཡག་པོ་ཕུལ་བ།
—— རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་སྟངས་འཛིན་ནན་པོ་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན། ཏང་འཛུགས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད། མི་དམངས་མང་ཚོགས་བློ་ཡིད་ཚིམ་མིན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཤན་འབྱེད་པའི་རྩ་བའི་ཚད་གཞིར་བརྩི་བ་བཅས་བྱས་ཏེ། དམངས་འཚོའི“དྲོད་ཚད”ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི“གཏིང་ཟབ་ཚད”ལ་ཞིབ་དཔྱད་བྱས་པ་རེད།
དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་མང་ཚོགས་ལ་བྱ་བཟང་དང་བྱ་བ་དངོས་མང་ཙམ་བསྒྲུབས་ཏེ་རྒྱ་ཆེའི་མང་ཚོགས་ལ་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་དངོས་སུ་ཚོར་དུ་བཅུག་ཡོད། དངོས་ཕན་དངོས་སྒྲུབ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་ནི་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད།
རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་མི་སེམས་སུ་ཟུག་པར་བྱས་ཏེ་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་དང་། ནང་སེམས་རྒྱུད་འཇགས་པ། གཞན་འགྱུར་བཅས་ཡོང་བར་སྣང་ཆེན་བྱས་ནས“གང་ཞིག་སྤྱོད་པ་དེ་སྦྱོང་བ་དང་གང་ཞིག་ཆད་པ་དེ་གསབ་པ”མཐའ་འཁྱོངས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཚགས་ཚུད་པོས་གཉེར་བ་དང་། གཅིག་སྡུད་སློབ་སྦྱོང་དང་ཆེད་དོན་བགྲོ་གླེང་བྱེད་པ། ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། རྣམ་པ་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་པས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་དེ་བས་གསལ་བ་དང་། བསམ་ཕྱོགས་དེ་བས་ཁ་གསལ། གདིང་གཞི་དེ་བས་ཆེ་བ་བཅས་ཡོང་བར་བྱས་པ་རེད།
མིག་སྔའི་བར། རང་ལྗོངས་ཀྱི་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་དང་པོ་དང་གཉིས་པས་དཔེ་ཀློག་འཛིན་གྲྭ་ཐེངས་724གཉེར་བར་མི་གྲངས་ཁྲི་1.13ལྷག་ཙམ་ཞུགས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆེད་དོན་བགྲོ་གླེང་ཐེངས་8019བྱས་པར་མི་གྲངས་ཁྲི་28.31ཞུགས་པ། ཀྲི་པུའུ་ཧྲུའུ་ཅི(ཁྲུའུ་ཀྲང)ཡི་འཆད་སྟེགས་རྒྱུན་མཐུད་བྱས་ནས་ལྗོངས་ཡོངས་ཀྱི་ཀྲི་པུའུ་ཧྲུའུ་ཅི(ཁྲུའུ་ཀྲང)8534ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པའི་མྱོང་ཚོར་སྤེལ་རེས་བྱས་པ་རེད།
དམ་པ་དོན་གཉེར་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ།
བརྗོད་དོན་གཙོ་བོའི་སློབ་གསོའི་རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞི”སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས“གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས། གནད་འཁེལ། ཕན་འབྲས”བཅས་ལག་ལེན་བསྟར་ཏེ“གནད་དོན་རྩིས་ལེན་དང་། གནད་དོན་ཤེས་རྟོགས། གནད་དོན་ཐག་གཅོད”བཅས་ཀྱི་ལས་རྣམ་བཟོས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་རིང་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ལ་ཤུགས་རྒྱག་པ་བཅས་བྱས་ཏེ་བརྟག་ཞིབ་ཀྱི་བརྒྱུད་རིམ་དེ་སྲིད་ཇུས་ཀྱི་འགག་གནད་གཤོང་བ་དང་། བཅོས་སྐྱོང་གི་དཀའ་གནད་སེལ་བ། མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བཅས་ཀྱི་བརྒྱུད་རིམ་ལ་ཏན་ཏིག་གྱུར་བ་རེད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། སློབ་སྦྱོང་ལ་ཞུགས་མཁན་ཚན་པ་ཁག་དང་པོ་དང་གཉིས་པས་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་དམིགས་ཏེ་རིམ་པ་དང་རིགས་དབྱེ་ནས་བརྟག་ཞིབ་བྱ་གཞིའི་གསལ་ཐོ་གཏན་འཁེལ་བྱེད་པ་དང་། གསལ་ཐོ་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་ལ་སྐུལ་སྤེལ་གཏོང་བ། དངོས་སྡོད་རྣམ་པ་དང་། ཉམས་ལེན་རྣམ་པ། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པ་བཅས་ཀྱི་བརྟག་ཞིབ་གཏིང་ཟབ་བྱས་པར། རིམ་རྩིས་བརྒྱབ་ན་གནད་དོན་ཁྲི་1.26ལྷག་ཙམ་ཤེས་རྟོགས་བྱུང་བ་དང་། ཐབས་ཇུས་གྲོས་འགོ་ཁག་ཁྲི་1.33ལྷག་ཙམ་བཏོན་པ། བརྟག་ཞིབ་བྱེད་རིང་གནད་དོན་6136ཐག་གཅོད་བྱས་པ་བཅས་རེད།
བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་ཆེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་རྣམ་པའི་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཏན་ཏིག་སྤེལ་ནས་དཔེ་མཚོན་གྱོད་དཔེ་དེ“གསོན་ཉམས་དོད་པའི་སློབ་གཞིར”འགྱུར་བར་འབད་བརྩོན་བྱས་ཏེ“གནད་དོན་གཅིག་དབྱེ་ཞིབ་བྱས་པ”ལས“གནད་དོན་རིགས་གཅིག”ཐག་གཅོད་ཐུབ་པར་སྐུལ་འདེད་བཏང་ཡོད་པ་རེད། མིག་སྔའི་བར་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་དང་པོ་དང་གཉིས་པས་དྲང་ཕྱོགས་ཀྱི་གྱོད་དཔེ་924དང་ལྡོག་ཕྱོགས་ཀྱི་གྱོད་དཔེ་849ལ་དམིགས་ཏེ་དབྱེ་ཞིབ་རྣམ་པའི་བརྟག་ཞིབ་བྱས་ནས་ཐབས་ཇུས་བྱ་ཐབས་5776ཞིབ་འཇུག་བྱས་ནས་བཏོན་ཡོད། བརྟག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་ཚོགས་འདུ་དང་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་གནད་དོན་དང་། བྱེད་ཐབས། འགན་འཁྲི་བཅས་ཀྱི་གསལ་ཐོ་བཟོས་ཏེ“བརྟག་དཔྱད་ཞིབ་འཇུག་དང་། གནད་དོན་ཤེས་རྟོགས། གནད་དོན་ཐག་གཅོད། ཕྱིར་མིག་ལྟ་བ”བཅས་ཀྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་དང་པོ་དང་གཉིས་པར་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཁག་870དང་ཁག་5997སོ་སོར་ཟིན་ཡོད་པ་རེད།
འཛེམ་མེད་དམར་འདོན་གྱིས་ཞིབ་བཤེར་དག་ཐེར་བྱས་ཏེ་བྱ་ཐབས་དངོས་ལ་བརྟེན་ནས་བྱ་བ་དངོས་བསྒྲུབས་པ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་གིས་ཁ་གསལ་བཟོས་པའི་ཕྱོགས་6ཐད་ཀྱི་གནད་དོན་གྱི་མཚོན་ཚུལ་ལ་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཙོ་གནད་ཚད་གཞིར་བཟུང་ནས། རང་ཉིད་ཀྱིས་འཚོལ་བ་དང་། མང་ཚོགས་ཀྱིས་འདོན་པ། མཉམ་སྡེབ་གྲོས་བསྡུར་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐོར་གཟིགས་སྐོར་ཞིབ་དང་། རྩིས་བཤེར། དཔྱད་ཞིབ་སོགས་ཀྱི་གནད་དོན་ལ་རྩིས་བཤེར་བྱས་ནས་གནད་དོན་གྱི་གསལ་ཐོ་གསེད་བཀྲོལ་བྱས་ཏེ་བཟོས་པ་དང་འབྲེལ། སྐབས་བསྟུན་གསར་སྒྱུར་བྱས་ཡོད་པ་རེད། སློབ་སྦྱོང་ལ་ཞུགས་མཁན་ཚན་པ་ཁག་དང་པོ་དང་གཉིས་པས་རིམ་རྩིས་བརྒྱབ་ན་གནད་དོན་3178འཚོལ་བཤེར་ཐུབ་པ་དང་། དག་ཐེར་བྱེད་ཐབས་9566བཟོས་པ་རེད།
ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆེད་དོན་བཅོས་སྒྲིག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “རྟགས་མཚོན་ལས་གྲྭ”དང“ངོ་སོའི་ལས་གྲྭ”གཉེར་བ་དང་། བསྡོམས་རྩིས་རྫུན་མ་བཟོ་བ་དང“སྲིད་དོན་ལས་རྗེས་རྫུན་བཟོ”བྱེད་པ། གཞི་རིམ་བཅོས་སྐྱོང་གི་སྣང་ཚུལ་ངན་པ་བཅས་ལ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། རྗེས་ལུས་རྫོང་དང་། གཞི་རིམ་བཅོས་སྐྱོང་། ལས་བྱེད་པའི་སྤྱོད་ཚུལ། ལས་བྱེད་པའི་གྲོང་སྡོད་དགོན་སྡོད་ལས་དོན། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས། ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་བཅས་ཀྱི་ཆེད་དོན་བཅོས་སྒྲིག་ཁག་6གཏིང་ཟབ་བྱས་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་དངོས་སུ་ཚོར་ཐུབ་པར་བྱས་ཡོད་པ་རེད།
འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཚད་མཐོའི་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་།“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་བས་ཆེ་རུ་ཕྱིན་པ། དངོས་འཛིན་དངོས་སྒྲུབ་ཀྱི་རྣམ་པ་བཟང་པོ་སྔར་བས་ཆགས་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སྔར་བས་ཐག་གཅོད་ཐུབ་པ། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་སྲ་བརྟན་དུ་ཕྱིན་པ་བཅས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་རྣམ་དང་ཕུགས་ཕན་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། འགོ་ཡོད་མཇུག་ཡོད་མཐའ་འཁྱོངས་ཀྱིས་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་དང་གནད་དོན་དག་ཐེར་དང་བཅོས་སྒྲིག་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། ཟུར་བསྟན་ལེབ་མཐོང་མཐའ་འཁྱོངས་ཀྱིས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཏང་ནང་ཁུལ་གྱི་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།