དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཕྲལ་སྡོམ་དོ་དམ་པུས་ཧུའུ་པེ་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེར་དམིགས་ནས་འཕྲལ་སྡོམ་དང་ལེན་གྱི་རིམ་པ་IIIབར་མཐོ་རུ་བཏངབ།

    ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་4ཛ་དྲག་ངང་གཏོང་སྤྲོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-05

    ཟླ་2ཚེས་3ཉིན་གྱི་ཆུ་ཚོད་10པར། འཕྲལ་སྡོམ་དོ་དམ་པུས་ཧུའུ་པེ་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེར་དམིགས་ནས་འཕྲལ་སྡོམ་དང་ལེན་གྱི་རིམ་པIVནས་རིམ་པ་IIIབར་མཐོ་རུ་བཏང་བ་མ་ཟད། འབྲེལ་ཡོད་ས་ཁུལ་གྱིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནོད་འཚེའི་ཤུགས་རྐྱེན་དང་ས་གནས་ཀྱི་གེགས་སེལ་ལས་ཀའི་དགོས་མཁོར་གཞིགས་ཏེ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཧུའུ་པེ་དང་ཨན་ཧུའེ་ཞིང་ཆེན་གཉིས་ལ་སྲིང་བལ་གྱི་སྟོད་གོས་རིང་པོ་དང་སྲིང་བལ་གྱི་ཉལ་ཆས་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་4གཤམ་སྤྲོད་བྱས་ནས་ས་གནས་ཀྱིས་དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་། གེགས་སེལ་ཨུ་ལྷན་གཞུང་དོན་ཁང་གིས་འཐབ་ས་དང་པོར་མཛུབ་ཁྲིད་བྱེད་མཁན་ལས་དོན་ཚོགས་ཆུང་སྔར་བས་མང་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།