དབུ་ཤོག
  • ད་གནམ་གྲུར་བསྡད་ན་སྟབས་བདེ་རུ་ཞེ་དྲག་ཕྱིན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-02-05

    ཉིན་ཤས་གོང་། བོད་ལྗོངས་མཁའ་འགྲུལ་ཀུང་སིས“སྤ་སེ་གཅིག་གིས་ཤར་བགྲོད་དང་རྡོག་ཁྲེས་ཐད་སྐྱེལ”གྱི་ཞབས་ཞུའི་རྣམ་གྲངས་བཏོན་པས། བོད་ལྗོངས་ནང་ཁུལ་གྱི་འགྲུལ་པའི་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་ཡོད།

    དེའང་འགྲུལ་པ་གནམ་གྲུར་སྡོད་སྐབས་ཐོན་ས་ནས་སྤ་སེ་ཐེངས་གཅིག་ལས་བཤེར་མི་དགོས་པ་དང་། བདེ་འཇགས་ཞིབ་བཤེར་ཐེངས་གཅིག་ལས་བྱེད་མི་དགོས་པ། རྡོག་ཁྲེས་ཐེངས་གཅིག་ལས་མངགས་སྐྱེལ་བྱེད་མི་དགོས་ཤིང་། ད་དུང་ལམ་བར་གནམ་གྲུ་བརྗེ་སའི་གནམ་ཐང་གི་གནམ་གྲུ་སྒུག་ཁང་ནས་དོན་མི་དགོས་པར་ཐད་ཀར་གནམ་གྲུ་རྗེས་མར་བསྡད་ན་འགྲིག་གི་ཡོད། དེ་བཞིན་འགྲུལ་པའི་རྡོག་ཁྲེས་ཐད་ཀར་རང་ཉིད་སྐྱོད་སའི་གནམ་ཐང་དུ་དབོར་གྱི་ཡོད་པས། ལམ་བར་གནམ་གྲུ་བརྗེས་ནས་སྐྱོད་མཁན་ལ་སྟབས་བདེ་བསྐྲུན་ཡོད།

    བོད་ལྗོངས་མཁའ་འགྲུལ་ཀུང་སིས་བརྗོད་དོན། ཕྱིས་སུ་སྤ་སེ་གཅིག་གིས་ཤར་བགྲོད་ཐུབ་པའི་མཁའ་ལམ་མང་པོ་བཏོད་ནས། གནམ་གྲུར་སྡོད་མཁན་འགྲུལ་པར་སྔར་བས་སྟབས་བདེ་སྐྲུན་གྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།