དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི”དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་དུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-05

    འདི་ནི་དཔལ་འབར་འཁྱེར་མཁན་མོང་ཧོ་ཅེ་ཀན(གཡོན)དང་སྨི་ཅི་ཀེ་ཏོར་ཅི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོར་ཞུགས་བཞིན་པ།

    ཟླ་2ཚེས་3ཉིན། རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་དུ་སྤེལ་ཞིང་། འདི་ནི“རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ”འགོ་མ་ཚུགས་གོང་གི་དཔལ་འབར་བརྒྱུད་སྤྲོད་བྱེད་ཐེངས་མཐའ་མ་དེ་རེད། “རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི”མེ་སོན་དེ་2019ལོའི་ཟླ་5ཚེས་1ཉིན་ནང་སོག་ཀུའུ་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་གྱི“ལྔ་གཅིག་ཚོགས་གནས”ནས་བཏུས་རྗེས་ནང་སོག་གི་མོང་དང་གྲོང་ཁྱེར་12སུ་བརྒྱུད་སྤྲོད་བྱེད་རྒྱུ་དང་། ཟླ་2ཚེས་17ཉིན“རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ”ཧུའུ་ལུན་པེར་གྲོང་ཁྱེར་དུ་དངོས་སུ་འགོ་ཚུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།