དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐན་ཙན་ནི་ཡར་ཡོད་པའི་ལྷག་བསམ་རྣམ་པར་དག་པའི་གོས་དཀར་ལྷ་རྗེ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-05

    གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་རྒྱུད་དུ་གནས་པའི་ཐན་ཙན་ནི་ཡ་ཀྲུང་གོ་དང་བར་ཐག་རིང་པོ་ཆོད་མོད་འོན་ཀྱང་གོས་དཀར་ལྷ་རྗེ་ཁག་མང་པོ་ཐན་ཙན་ནི་ཡར་རོགས་སྐྱོར་བྱས་པས་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་འབྲེལ་བ་ཟབ་མོ་ཆགས་ཡོད།

    ཐན་ཙན་ནི་ཡ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ནི་ཐན་ཀོ་ཉི་ཁ་དང་སང་ཀེ་པར་ཆ་ཤས་གཉིས་ལས་གྲུབ་ཡོད། 1964ལོར་སང་ཀེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་། 1968ལོར་ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག དེ་བཞིན་2017ལོར་སང་ཀེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཁྲབ་འཇིབ་འབུ་ཕྲའི་ནད་འགོག་བཅོས་ལག་རྩལ་རྣམ་གྲངས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཐན་ཙན་ནི་ཡའི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དང་དུས་མཚུངས་ཤེས་ལྡན་པ་གསོ་སྐྱོང་དང་ལག་རྩལ་སློབ་པའི་ལས་ལ་གཞོལ་ནས། “གཞན་རྟེན་རྣམ་པའི”རོགས་སྐྱོར“རང་རྟེན་རྣམ་པའི”རོགས་སྐྱོར་ལ་བསྒྱུར་ཏེ་ས་གནས་དེ་གར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་ཡོད།

    ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་དོན་མི་སྣས་ལོ་བཅུ་ཕྲག་ཁ་ཤས་རིང་ལྷག་བསམ་རྣམ་པར་དག་པའི་སྨན་བཅོས་ལག་རྩལ་ཐན་ཙན་ནི་ཡའི་ས་གཞི་ཆེན་པོར་ཁྱབ་པར་བྱས་པ་དང་། ཀྲུང་གོའི་སྨན་བཅོས་བྱ་གཞག་གི“གཅེས་སེམས་མེ་སོན་ཁྱབ་གདལ་གཏོང་བ་དང་སེམས་མཐུན་མཛའ་གྲོགས་བརྒྱུད་སྤྲོད་བྱེད་པའི”ཁས་ལེན་ལག་ལེན་བསྟར་ཏེ། བརྩེ་སེམས་ཆེན་པོ་འཆང་བ་དང་འགན་འཁྲི་ནན་ཏན་འཁུར་བའི་མི་སེམས་འགུལ་བའི་གཏན་རྒྱུད་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད།

    འདི་ནི་2024ལོའི་ཟླ་1ཚེས་1ཉིན། སང་ཀེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཁྲབ་འཇིབ་འབུ་ཕྲའི་ནད་འགོག་བཅོས་ལག་རྩལ་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཧོ་མིང་ཀྲེན(དཀྱིལ)གྱིས་ཐན་ཙན་ནི་ཡའི་སང་ཀེ་པར་པུན་པ་གླིང་ཕྲན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཚོད་ལྟ་ཁང་དུ་ཚོད་ལྟ་བྱེད་བཞིན་པ།

    འདི་ནི་2023ལོའི་ཟླ་3ཚེས་10ཉིན། ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་བྱིས་ནད་ཚན་ཁག་གི་སྨན་པ་ཝང་ཅུན(གཡས་ཀྱི་གསུམ་པ)གྱིས་ཐན་ཙན་ནི་ཡའི་ཏ་རེ་སི་ས་ལམ་གྱི་མུའུ་ཤིན་པི་ལི་རྒྱལ་བཙུགས་སྨན་ཁང་གི་ནད་ཁང་དུ་ནད་པར་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་2022ལོའི་ཟླ་11ཚེས་15ཉིན། ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྦྲིད་སྨན་ཚན་ཁག་གི་སྨན་པ་ཝང་ཆིན(མདུན་གྲལ་གཡས་ཀྱི་གསུམ་པ)གྱིས་ཐན་ཙན་ནི་ཡའི་མུའུ་པེ་ཡ་ཁུལ་ཆེན་གྱི་སྨན་ཁང་དུ་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་བཞིན་པ།

     འདི་ནི་2023ལོའི་ཟླ་12ཚེས་29ཉིན། སང་ཀེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གློག་པར་ཚན་ཁག་གི་སྨན་པ་ཐེན་ཐུང་ཐུང(གཡོན)གིས་ཐན་ཙན་ནི་ཡའི་སང་ཀེ་པར་གྱི་ན་ཙི་མོ་ཅ་སྨན་ཁང་དུ་ས་གནས་དེ་གའི་སྨན་པར་ཉིང་རྡུལ་གློག་པར་གྱི་བརྟག་དཔྱད་བྱེད་སྟངས་ལ་མཛུབ་ཁྲིད་བྱེད་བཞིན་པ།

    འདི་ནི་2023ལོའི་ཟླ་12ཚེས་29ཉིན། སང་ཀེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་དཔོན་ཅང་གོ་ཆིན(གཡོན)གྱིས་ཐན་ཙན་ནི་ཡའི་སང་ཀེ་པར་གྱི་ན་ཙི་མོ་ཅ་སྨན་ཁང་གི་ནད་ཁང་དུ་ནད་པར་བརྟག་དཔྱད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།