དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལིས་སོ་ཀྲུང་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-02-05

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅཱ་ཝ་ལེ་ཡིས་ས་གནས་དེ་གའི་སྨྱན་སྦྱོར“ཐ་ཝུའུ་ལི་གསར་འགྱུར”གྱི་བཅར་འདྲི་དང་ལེན་བྱེད་སྐབས་སོ་ཀྲུང་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས་ཤིང་། 2019ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་བཙུགས་པ་དེ་ནི་སོ་ལོ་མོན་སྲིད་གཞུང་གིས་ཐག་བཅད་པའི་ཡང་དག་པའི་གཏན་འབེབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    1971ལོའི་ཟླ་10པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ཨང་2758ལ་གྲོས་འཆམ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་སླར་གསོ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འཐུས་མི་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཀྲུང་གོའི་ཁྲིམས་མཐུན་གྱི་འཐུས་མི་འབའ་ཞིག་དེ་ཡིན་པ་ཁས་བླངས་ཡོད། སུའོ་ཅཱ་ཝ་ལེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚང་མར་གྲོས་ཆོད་དེར་བརྩི་འཇོག་བྱེད་པ་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་པའི་འགན་འཁྲི་ཡོད་ཅེས་བརྗོད་པ་རེད།

    སུའོ་ཅཱ་ཝ་ལེ་ཡིས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ནས་ལོ་4ལྷག་ཙམ་ལས་སོང་མེད་རུང་། སོ་ལོ་མོན་གླིང་ཚོམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ད་དུང་སོ་ལོ་མོན་གླིང་ཚོམ་ལ་ཏོག་གསར་རིམས་ནད་དང་ཟིང་ཆ་སོགས་འགྲན་སློང་དྲག་པོ་འཕྲད་སྐབས་ཀྲུང་གོ་སོགས་རྒྱལ་ཁབ་ཀྱིས་སོ་ལོ་མོན་གླིང་ཚོམ་ལ་རོགས་སྐྱོར་ཧུར་ཐག་བྱས་ཡོད་ཅེས་དམིགས་སུ་བཀར་ནས་བརྗོད་པ་རེད།

    སུའོ་ཅཱ་ཝ་ལེ་ཡིས་སོ་ལོ་མོན་གླིང་ཚོམ་རྒྱལ་ཁབ་ཆུང་ཆུང་ཡིན་ནའང་ཀྲུང་གོ་དང་མཉམ་གནས་བྱུང་ཡོད། ཨ་རིར་བལྟས་ཚེ། དེ་འདྲ་མིན་པར་ཨ་རིས་གཙོ་གཉེར་བྱས་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་ཨ་རི་རང་ངོས་ནས་ཆུ་ཚོད་གཅིག་ཙམ་སྟོང་བཤད་བྱས་མོད། འོན་ཀྱང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣར་སྐད་ཆ་སྐར་མ་གསུམ་ལས་ཤོད་དུ་བཅུག་མེད། སོ་ལོ་མོན་གླིང་ཚོམ་ནི་བདག་དབང་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་གཞན་དག་དང་འདྲ་མཉམ་སྤེལ་རེས་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།