དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བཟོ་ལས་འཕྲུལ་མི་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-05

     འདི་ནི་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་ཀྱི་རིག་ནུས་བཟོ་སྐྲུན་ཁེ་ལས་ཤིག་ཏུ་བཟོ་ལས་འཕྲུལ་མིས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀ་བྱེད་བཞིན་པ།

    རྒྱལ་སྤྱིའི་འཕྲུལ་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་གཞིར་བཟུང་། 2022ལོར་ཀྲུང་གོར་བཟོ་ལས་འཕྲུལ་མི་ཁྲི་29ལྷག་ཙམ་སྒྲིག་སྦྱོར་བྱས་པ་དང་གྲངས་གཞི་དེ་རི་པིན་གྱི་ལྡབ་6དང་། ཨ་རིའི་ལྡབ་7 འཇར་མན་གྱི་ལྡབ་12 ཧྥ་རན་སེའི་ལྡབ་40བཅས་རེད། 2023ལོར་ཀྲུང་གོས་གསར་དུ་སྒྲིག་སྦྱོར་བྱས་པའི་བཟོ་ལས་འཕྲུལ་མིའི་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་ཕྱེད་ཀ་ཙམ་བཟུང་ཡོད། ཀྲུང་གོའི་བཟོ་གྲྭའི་ནང་ད་ཆ་འཕྲུལ་མི་ཁྲི་150ལྷག་ཙམ་གྱིས་ལས་ཀ་བྱེད་བཞིན་ཡོད། ཀྲུང་གོ་གློག་སྒུལ་རླངས་འཁོར་ཐོན་ལས་སུ་འཕྲུལ་མི་མགྱོགས་མྱུར་ཁྱབ་གདལ་གཏོང་བཞིན་ཡོད།

    2011ལོ་ནས་2020ལོའི་བར་གྱི་ལོ་10ཡི་རིང་། ཀྲུང་གོའི་བཟོ་ལས་འཕྲུལ་མི་རྩིས་སྤྲོད་བྱེད་ཚད་ཆ་སྙོམས་ལོ་རེར་27%འཕར་ཏེ་གོ་ལ་ཧྲིལ་པོའི(12%)དང་རི་པིན་གྱི(6%)ཆུ་ཚད་ལས་མཐོ་བ་ཡོད། ཧྭ་ཆི་དངུལ་ཁང་གི་དབྱེ་ཞིབ་མཁས་ཅན་གྱིས་མིག་སྔར་ཀྲུང་གོའི་འཕྲུལ་མིའི་འདུས་ཚད་རི་པིན་དང་། ཧན་གོ འཇར་མན་བཅས་ལས་སྔར་བཞིན་དམའ་བ་ཡོད་པ་དེ་ཐོག་ནས། ཀྲུང་གོའི་བཟོ་ལས་འཕྲུལ་མིའི་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་མཚོན་ཡོད་ཅེས་བཤད།

    ——ཧྥ་རན་སེའི《ཧུའེ་ཧྲེང་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།