དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་མཁན་ཀྲུང་གོ་བ་འཕར་ཚད་ལས་བརྒལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-05

    འདི་ནི་ཀྲུང་གོའི་ཡུལ་སྐོར་བས་ཨེ་ཅིབ་ཅི་སཱ་གཏོར་གཟུགས་མཆོད་རྟེན་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་པར་ལེན་བྱེད་བཞིན་པ།

    2024ལོའི་ལོ་སྟོད་དུ་དབྱེ་ཞིབ་མཁས་ཅན་མང་པོ་ཞིག་གིས་འདི་ལོ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་མཁན་ཀྲུང་གོ་བ་ཚད་བརྒལ་རང་བཞིན་གྱི་སྒོ་ནས་འཕར་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད། ཉིའུ་ཅིན་དཔལ་འབྱོར་ཞིབ་འཇུག་ཁང་གིས་སྔོན་དཔག་བྱས་པར་གཞིགས་ན། ཀྲུང་གོའི་2024ལོའི་རྒྱལ་སྤྱིའི་ཡུལ་སྐོར་གྲངས་འབོར་2023ལོ་ལས་ལྡབ་གཅིག་འཕར་རྒྱུ་ཡིན་མོད། འོན་ཀྱང་2019ལོ་ལས་སྔར་བཞིན་22%ཀྱིས་དམའ་བ་ཡོད། སྙན་ཞུའི་ནང་སྔོན་དཔག་བྱས་པར་གཞིགས་ན། 2025ལོར་རིམས་ནད་མ་ཐོན་གོང་གི་ཆུ་ཚད་ལ་ཕྱོགས་ཡོངས་ནས་སླར་གསོ་ཡོང་རྒྱུ་ཡིན་པ་རེད།

    དབྱིན་ཇིའི་མཁའ་འགྲུལ་ཀུང་སི་དང་གོ་ཐའེ་མཁའ་འགྲུལ་ཀུང་སི་གཉིས་ཀྱིས་སྔོན་དཔག་བྱས་པའི་སླར་གསོའི་གོ་སྐབས་ལ་དམིགས་ནས་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་དབར་ཉིན་བཞིན་ཆེ་རུ་འགྲོ་བའི་རིམ་པ་མཐོ་བའི་སྤྲོ་གསེང་ཉམས་ལེན་གྱི་དགོས་མཁོ་སྐོང་ཆེད། དབྱིན་ཇིའི་མཁའ་འགྲུལ་ཀུང་སིས་སྤྱི་སྐད་སྤྱོད་མཁན་གྱི་གནམ་གྲུའི་ཞབས་ཞུ་བའི་མི་གྲངས་ལྡབ་གཅིག་མང་དུ་བཏང་ནས་མི་100ཟིན་པ་བྱེད་རྩིས་ཡོད། དེ་དང་ཆབས་ཅིག་གོ་ཐའེ་མཁའ་འགྲུལ་ཀུང་སིས་ཀྱང་ཀྲུང་གོའི་ནང་ས་ནས་ཡོང་བའི་མཁའ་འགྲུལ་ཞབས་ཞུ་བ་གསར་པ་100བསུ་རྒྱུ་རེད། མཁའ་འགྲུལ་ཀུང་སི་དེས་2025ལོར་སླེབས་སྐབས་ནང་སའི་ཤེས་ལྡན་པ་1500གོ་ལ་ཧྲིལ་པོའི་ལས་བཟོའི་དཔུང་ཁག་ནང་ཞུགས་ཐུབ་པ་བྱ་རྒྱུ་རེད།

    2024ལོར་ཀྲུང་གོའི་འཛད་སྤྱོད་པའི་ཡིད་ཆེས་ཆེ་རུ་ཕྱིན་པ་དེས་རྒྱལ་ནང་དང་རྒྱལ་སྤྱིའི་ཡུལ་སྐོར་སླར་གསོ་ཡོང་བར་སྐུལ་མ་ཐེབས་རྒྱུ་རེད། སླར་གསོ་དེ་རིགས་ནི་སླར་གསོ་ཁོ་ན་མིན་པར་ཕྱོགས་སྒྱུར་ཞིག་རེད།

    —— ཨ་རིའི“ཅིང་ཧྲི་ཚོང་ལས་ལྟ་ཞིབ”དྲ་ཚུགས་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།