དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་གྲང་ཆུའི་ཉ་གསོ་ཚགས་ཀྱིས་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་མེ།   |     སྤེལ་དུས།  2024-02-05

    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཁོངས་སུ་རྨ་ཆུའི་རྒྱུག་ཁུལ་སྤྱི་ལེ་90ཙམ་ཡོད། གཡུ་འབྲུག་སྔོན་མོ་ས་ལ་འཁྱུག་པ་ལྟར་གྱི་རྨ་ཆུའི་ཆུ་རྒྱུད་དུ་སྐས་རིམ་ལྟ་བུའི་གློག་ཁང་དང་ཆུ་མཛོད་བསྐྲུན་ཡོད་པས། ཆུ་ཁོངས་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཆགས་ཡོད། དམིགས་བསལ་གྱི་ཆུ་ཁོངས་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་གཞིགས་ནས་ཡ་རྫི་རྫོང་གིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ཚན་རིག་དང་མཐུན་པའི་འཆར་འགོད། ཚན་རྩལ་གྱི་སྣེ་ཁྲིད་བཅས་ལ་བརྟེན་ནས། རྣམ་གྲངས་བརྩོན་ལེན་བྱས་ཏེ་ཆུའི་ཐོན་རྫས་གསོ་ཚགས་ལ་སྐུལ་འདེད་བཏང་བ་དེ་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐོན་ལས་སུ་གྱུར་ཡོད།

    “ཉ་ཤ་འབོལ་པོ་དང་ཟ་དུས་ཞིམ་པོ་ཡོད་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ལག་རྩལ་པ་ཧོ་མུའུ་ཧན་མའེ་ཡིས། འདི་གའི་ཆུའི་དྲོད་ཚད་རྟག་ཏུ་ཧྲེ་ཧྲི་ཏུའུ་8ནས་13བར་གནས་ཀྱི་ཡོད་པའི་ཁར་ཆུ་དྭངས་ལ་དལ་བུར་རྒྱུག་གི་ཡོད་པས་དྲ་བའི་ནང་དུ་གྲང་ཆུའི་ཉ་གསོ་བར་ཧ་ཅང་འཚམ་པོ་ཡོད་ཅེས་ངོ་སྤྲོད་བྱས།

    ཤིན་ཅན་གྲོང་ཚོའི་གྲོང་མི་ཧོ་དབྱི་པོ་ལཱ་ནི་གསོ་ཚགས་ར་བ་དེའི་འགན་འཁུར་བ་ཡིན་ཞིང་། ལོ་བཅུའི་གོང་ནས་ཝུའུ་ཅ་ཧོ་སྐྱེ་ཁམས་ཞིང་འབྲོག་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་སན་ཝུན་ཉ་གཙོ་བོར་བཟུང་བ་དང་སན་པེ་ཐི་ཧུང་ཙུན་ཉ་དང་། ཅིན་ལིན་ཉ། ཧྭ་པན་ལོའུ་ལི་ཉ་བཅས་ཞོར་དུ་གསོ་གི་ཡོད། “ང་ཚོས་རྨ་ཆུར་གྲང་ཆུའི་ཉ་གསོ་ཚགས་བྱས་ནས་འབབ་འཕར་ཡོང་ཐབས་བྱས་པ་མ་ཟད། གྲོང་ཚོའི་ནང་གི་ངལ་ནུས་ལྷག་མ་ཡང་ལས་ཞུགས་ཐུབ་ཡོད”ཅེས་ཧོ་དབྱི་པོ་ལཱ་ཡིས་བཤད།

    འདི་ལོ་ལོ་43ལ་སླེབས་པའི་མཱ་ཞའོ་དབྱིའི་རྐང་པ་ཐང་པོ་མེད་པས་ཐག་རིང་དུ་ལས་ཀར་འགྲོ་ཐབས་མེད། དེས་ན་གྲང་ཆུའི་ཉ་གསོ་ཚགས་ཀུང་སིར་ཉར་ལྟ་རྟོག་དང་ལྟོ་སྟེར་བའི་ལས་ཀ་བྱེད་ཀྱི་ཡོད། “ང་རང་ཁྱིམ་གྱི་སྒོ་རྩར་ལས་ཀ་རག་པ་མ་ཟད། ད་དུང་ཟླ་རེར་སྒོར་5000ལྷག་ཙམ་ལེན་རྒྱུ་འདུག་པས་ད་ཆ་དངུལ་ཡང་ཕྲན་བུ་གསོག་ཐུབ་བྱུང”ཞེས་མཱ་ཞའོ་དབྱི་ཡིས་ད་ལྟའི་ལས་ཀ་དེར་བློ་ཡིད་ཚིམ་པོ་བྱེད་བཞིན་བཤད།

    “ཀུང་སིས་ལོ་ལྟར་གྲོང་མིར་གནས་སྐབས་ཀྱི་ལས་གནས་བསྐྲུན་ཅིང་། ཉའི་དྲ་བ་བཀྲུ་བ་དང་གྲང་ཆུའི་ཉ་ཐུམ་སྒྲིལ་རྒྱག་པ་སོགས་ལ་ཉིན་གླ་སྒོར་200སྤྲོད་ཀྱི་ཡོད་པས། ལོ་རེར་ཆ་སྙོམས་མི་རེར་སྒོར་8000ལེན་རྒྱུ་འདུག གྲང་ཆུའི་ཉའི་ཐོན་ལས་ཀྱིས་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེ་རུ་ཕྱིན་ཡོད”ཅེས་ཤིན་ཅན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཱ་ཨ་ལི་ཡིས་བཤད།

    ཤིན་ཅན་གྲོང་ཚོ་དང་འདྲ་བར་ཡ་རྫི་རྫོང་གི་པའེ་ཀྲོང་གྲོང་རྡལ་གྱི་མཐུན་སྒྲིལ་གྲོང་ཚོའི་ཆུའི་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། མཐུན་སྒྲིལ་གྲོང་ཚོས་ས་ཁམས་ཀྱི་ལེགས་ཆར་གཞིགས་ནས་ཉ་ཕྲུག་གསོ་ཚགས་བྱེད་རྒྱུ་དེ་གསར་དར་ཐོན་ལས་དང་ཁྱད་ལྡན་ཐོན་ལས་ལ་བརྩིས་ཡོད། “སྔོན་ཆད་གྲང་ཆུའི་ཉ་ཕྲུག་རྣམས་ས་ཆ་གཞན་ནས་ཉོ་གི་ཡོད། དེ་ལྟར་བྱས་ན་མ་གནས་མཐོ་བའི་ཁར། གསོན་ཚད་ལའང་འགན་ལེན་ཡག་པོ་ཐུབ་ཀྱི་མེད། ད་ཆ་ང་ཚོའི་རྫོང་རང་ནས་ཉ་ཕྲུག་ཉོ་ཐུབ་པས་ལམ་ཐག་ཉེ་བའི་ཁར་ཧ་ཅང་སྟབས་བདེ་པོ་འདུག དེས་མ་ཚད་ང་ཚོའི་རྫོང་གི་ཉ་ཕྲུག་གི་གསོན་ཚད་མཐོ་བས་དེ་རིང་ངས་ཉ་ཕྲུག་རྒྱ་མ་500ཙམ་ཉོས་པ་ཡིན”ཞེས་ཁྲ་ཧན་ཏུའུ་སི་ཤང་ཏ་ཀྲོང་གྲོང་ཚོའི་གསོ་ཚགས་བྱེད་མཁན་ཧན་ཅང་གིས་བཤད།

    ཉ་ཕྲུག་ཞིག་ཆེན་པོ་ཆགས་པར་ལོ་གཉིས་ལྷག་ཙམ་དགོས་ཀྱི་ཡོད། རྒྱ་མ་2.5ཙམ་ལོན་ན་འཚོང་ཆོག་གི་ཡོད།

    2020ལོར་ལས་ལ་བརྩོན་ཞིང་འཇོན་ཐང་ཆེ་བའི་མཱ་ཀྲུང་དབྱིས་ཉ་ཕྲུག་གསོ་ཚགས་ར་བ་བཙུགས་ཤིང་། དགའ་ཞེན་དང་ཉམས་མྱོང་མང་པོ་ཡོད་སྟབས། ཉ་ཕྲུག་གསོ་བའི་ལག་རྩལ་རིམ་བཞིན་ཁོང་དུ་ཆུད་ཡོད།

    ཐོག་མར་སྨི་6ཙམ་གྱི་ཉ་ཕྲུག་གསོ་ས་ནས་ད་ལྟའི་སྤྱི་ཆིང་30ཙམ་གྱི་གསོ་ཚགས་ར་བ་བར་དང་། ཉ་ཕྲུག་ས་ཆ་གཞན་ནས་ཉོ་བ་ནས་རང་ཉིད་ཀྱིས་ཉ་ཕྲུག་གསོ་ཐུབ་པའི་བར། དེ་བཞིན་གྲང་ཆུའི་ཉ་ཟེར་བ་ཐོས་མྱོང་མེད་པ་ནས་ཐོན་རྫས་རིམ་བཞིན་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་དུ་གྱུར་པའི་བར། དེ་ནས་ཀྲུང་གོའི་ལྗང་མདོག་བཟའ་བཅའི་འགྲེམས་ཚོགས་དང་། མཚོ་སྔོན་ས་མཐོའི་ཞིང་འབྲོག་ཐོན་ཟོག་ཚོང་འདུས། མཚོ་ཤར་གྲོང་ཁྱེར་གྱི་ཞིང་ཟོག་ཚོང་འདུས་བཅས་ལ་འགྲེམས་སྟོན་བྱས་པའི་བར། སླར་ཡང“རྨ་ཆུའི་ཡ་རྫིའི་ཙུན་ཉའི”སྤུས་རྟགས་ཀྲུང་གོའི་ཞིང་ལས་སྤུས་རྟགས་ཀྱི་དཀར་ཆག་ནང་བཅུག་པ་ལ་སོགས་ཀྱི་འཕོ་འགྱུར་རབ་དང་རིམ་པ་བྱུང་ཡོད། གྲང་ཆུའི་ཉ་ནི་ཐོན་ལས་གསར་པ་ཞིག་ཡིན་པས་ཡ་རྫི་རྫོང་དུ་འཕེལ་རྒྱས་མྱུར་པོ་བྱུང་བ་མ་ཟད། གྲོང་གསེབ་དར་རྒྱས་ལའང་སྐྱེ་སྟོབས་གསར་པ་བསྣན་ཡོད།

    མིག་སྔར་མཚོ་སྔོན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཆེད་ཚོང་ཁང་དང་ཆེད་མངགས་མཁོ་འདོན་བྱེད་པའི་ཟ་ཁང་ཕུད། ཡ་རྫི་རྫོང་གི་གྲང་ཆུའི་ཉའི་ཐོན་རྫས་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ཁྲེང་ཏུའུ། ཧང་ཀྲོའུ། ཏ་ལན་སོགས་རྒྱལ་ནང་གི་གྲོང་ཁྱེར་ཆེ་གྲས་10ལྷག་ཙམ་ལ་འཚོང་གི་ཡོད་པ་མ་ཟད། ཨོར་མཱ་སོགས་རྒྱལ་སྤྱིའི་སྒོ་རྩིས་ཚོང་ཁང་ཆེ་གྲས་སུའང་འཚོང་གི་ཡོད་པས། ཚོང་ལམ་ཅུང་བརྟན་པོ་ཞིག་ཆགས་ཡོད།

    ཡ་རྫི་རྫོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཝང་དབུན་ཅ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཡ་རྫི་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། གྲང་ཆུའི་ཉ་གསོ་ཚགས་དང་འཕེལ་རྒྱས་ཀྱི་བཀོད་པ་ཆེན་པོ་ཞིག་བསྐྲུན་པ་དང་། སྐམ་སའི་ཉ་གསོ་ས་དང་ཆུ་མཛོད་དུ་ཉ་གསོ་མཁན་ཁག་གཅིག་ལ་འདེགས་སྐྱོར་བྱས་ནས་འཕེལ་རྒྱས་བཏང་བ། ས་མཐོའི་གྲང་ཆུའི་ཉའི་གསོ་ཚགས་རྟེན་གཞི་ཧུར་ཐག་བཏོད་པ། གྲང་ཆུའི་ཉའི་གསོ་ཚགས་ར་བ་6བཅས་བསྐྲུན་ཡོད། ད་ཆ་ས་མཐོའི་ཁྱད་ཆོས་ལྡན་པའི“ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་གྲང་ཆུའི་ཉའི་གསོ་ཚགས་རྣམ་པ་ཞིག་ཆགས་ཏེ། ལོར་ཆ་སྙོམས་ཆུའི་ཐོན་རྫས་ཏུན་379ཙམ་ཐོན་སྐྱེད་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་1897ལྷག་ཙམ་ཟིན་ནས་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་དངོས་འབྲེལ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།