དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལོ་གསར་འཆར་ལ་ཉེ། དགའ་སྤྲོའི་རྣམ་པས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-05

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཆིང་ཏའོ་གྲོང་ཁྱེར་ཤིས་ཧའེ་ཨན་ཁུལ་གསར་གྱི་པོ་ལི་ཚོང་འདུས་སུ་འཁྲུག་ཆ་དོད་ལ་གང་སར་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། འདི་ནི་མི་རྣམས་ཀྱིས་པོ་ལི་ཚོང་འདུས་ཐོག་འབྲུག་རྩེད་ཀྱི་འཁྲབ་སྟོན་ལ་ལྟ་བཞིན་པ།

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་ཧང་ཐོའུ་ལྟེ་བའི་བུ་བཅོལ་ཁང་གིས“ལོ་གསར་བསུ། བྱིས་དུས་སྤྲོ་སྣང”ཅེས་པ་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། ཕྲུ་གུ་ཚོར་སྲོལ་རྒྱུན་རིག་གནས་དང་། ལག་ཤེས་སྒྱུ་རྩལ། སྲོལ་རྒྱུན་དམངས་སྲོལ་རིག་གནས་བཅས་ལ་མྱོང་རོལ་བྱེད་དུ་བཅུག་ཅིང་། འདི་ནི་ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་ཧང་ཐོའུ་ལྟེ་བའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་སྲོལ་རྒྱུན་རིག་གནས་མྱོང་རོལ་བྱེད་བཞིན་པ།

    ཉེ་ཆར། ནན་ཅིང་འགྲུལ་སྐྱེལ་དུམ་བུས་དུས་གཏན་མེ་འཁོར་ཐེངས་G7575ཐོག་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ཁྱད་ལྡན“ལོ་གསར་གྱི་མཁོ་ཆས་ཚོང་འདུས”དང་ཧོང་མེ་ཟློས་གར་དང་། ཅང་ཧའེ་ཟློས་གར། ཤོག་དྲས་སོགས་མངོན་མིན་རིག་གནས་འཁྲབ་སྟོན་བྱས་ཏེ་འགྲུལ་པ་ཚོར་སྤྲོ་སྣང་སྦྱིན་ཞིང་། འདི་ནི་ཤོག་དྲས་སྒྱུ་རྩལ་མི་སྣས་དུས་གཏན་མེ་འཁོར་ཐེངས་G7575ཐོག་ཤོག་དྲས་ལག་རྩལ་ངོམ་བཞིན་པ།

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ས་གནས་ཁག་ལ་ལོ་གསར་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། འདི་ནི་ཕྲུ་གུ་ཚོས་ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་ཧོང་པོ་ཧའེ་ཁུལ་གསར་གྱི་སྤྲོ་གསེང་ཐང་ཆེན་དུ་ལྒང་བཞུ་ཚོན་ཁྲ་ཅན་ལ་ལྟ་བཞིན་པ།

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། མི་རྣམས་ཀྱིས་དཔྱིད་གསར་གྱི་མཁོ་ཆས་ཉོས་ནས་དུས་ཆེན་བསུས་ཤིང་། འདི་ནི་གྲོགས་པོ་ཆུང་ཆུང་གིས་ཧྲན་ཏུང་ཞིང་ཆེན་ཀའོ་སྨི་གྲོང་ཁྱེར་གྱི་ལོ་གསར་མཁོ་ཆས་ཁྲོམ་རའི་ཐོག་ལྒང་བཞུ་དམར་པོར་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།