དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ཀྱི་ས་གཞི་ཆེན་པོར་བརྗོད་དོན་གཙོ་བོའི་སློབ་གསོ་ཟབ་སྦྱོང་མཐིལ་རྟོགས་བྱེད་པའི་ཚ་རླབས་འཕྱུར་བ།

    མངའ་རིས་ས་ཁུལ་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-05

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས“དགོངས་པ་སློབ་སྦྱོང”བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤྱི་འདོམས་བཀོད་སྒྲིག རིགས་དབྱེ་མཛུབ་ཁྲིད། སློབ་གསོ་ལག་བསྟར་ཏན་ཏིག མཁོ་སྤྲོད་འབྲེལ་མཐུད། གཞི་རྟེན་གསར་གཏོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འགོ་ཁྲིད་ཀྱིས་སྔོན་ལ་སློབ་སྦྱོང་དང་། གཅིག་སྡུད་སློབ་གཉེར། སྒོ་རྩར་སློབ་ཁྲིད། དཔེ་མཚོན་སློབ་ཁྲིད་བཅས་ལ་སྐུལ་འདེད་བཏང་ནས་ལས་ཁུངས་ཚན་པ་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོ་བར་དང་འབྲོག་ཁུལ་ནས་ཞིང་ནང་བར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་མངའ་རིས་ཀྱི་ས་གཞི་ཆེན་པོར་འཕྱུར་ཡོད།

    གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་མངའ་རིས་ས་ཁུལ་གྱིས“འགག་རྩའི་ཉུང་ཤས”ལ་དམ་འཛིན་ནན་པོ་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་སྒེར་གྱི་རང་སྦྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་གཙོ་རྐང་དང་མངའ་རིས་ས་ཁུལ་གྱི་དོན་དངོས་ལ་དམིགས་ཏེ། “དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མངའ་རིས་འདི་ཉིད་གངས་ལྗོངས་ས་མཐོའི‘ནུབ་རྒྱུད་མུ་ཏིག’ཏུ་བསྐྲུན་རྒྱུ་སོགས་ཆེད་དོན་བགྲོ་གླེང་ཁག་5སྤེལ་ནས་འགོ་ཁྲིད་ལས་བྱེད་པས་གཅིག་སྡུད་དཔེ་ཀློག་དང་། ཆེད་དོན་ཟུར་ཁྲིད། བགྲོ་གླེང་སྤེལ་རེས་བཅས་བྱེད་པའི་ཁྲོད་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་དང་། བསམ་བློ་སྔར་བས་གསལ་རྟོགས་དང་། དམིགས་ཚད་ཁ་གསལ། འགན་འཁྲིར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དེ“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་བྱ་ཐབས་དངོས་དང་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་མངའ་རིས་ས་ཁུལ་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གིས་གཅིག་སྡུད་སློབ་སྦྱོང་ཐེངས་1345དང་ཆེད་དོན་བགྲོ་གླེང་ཐེངས་176བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་ཆེད་དོན་ཏང་གི་སློབ་ཚན་ཐེངས་342ཁྲིད་པ་རེད།

    གཅིག་སྡུད་སློབ་གཉེར་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་གསོ་སྦྱོང་བྱས་པ།

    མངའ་རིས་ས་ཁུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་ལས་བྱེད་པར་གཅིག་སྡུད་སློབ་གསོ་གསོ་སྦྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང“ནང་དུ་གདན་དྲངས་པ”དང“ཕྱིར་སྐྱོད་པར”ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམིགས་ནས་ལས་བྱེད་པའི་གསོ་སྦྱོང་སློབ་ཚན་ལེགས་སུ་བཏང་བ་དང་། སློབ་ཁྲིད་ཀྱི་རྣམ་པ་དང་། བགྲོ་གླེང་གི་རྣམ་པ། གྱོད་དཔེའི་རྣམ་པ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་གང་ལེགས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་153གཉེར་བ་དང་། འཕྲལ་སྡོམ་དོ་དམ་དང་། གྲོང་གསེབ་དར་རྒྱས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ལས་བྱེད་པའི་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་15གཉེར་བ། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས“མངའ་རིས་ཀྱི་འཆད་སྟེགས་ཆེན་པོ”དུས་ཐེངས་4གཉེར་བ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།

    རིགས་པའི་གཞུང་ལུགས་གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་བྱས་པ།

    ཞིང་འབྲོག་ཁུལ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། ཏང་ཡོན་གྱི་སྡོད་གནས་ཁ་ཐོར་ཡིན་པ། གཅིག་སྡུད་ཀྱི་དཀའ་གནད་ཆེ་བ་བཅས་ཀྱི་དོན་དངོས་ལ་དམིགས་ཏེ། མངའ་རིས་ས་ཁུལ་གྱིས་ས་ཁུལ(རྫོང)ཨུ་ལྷན་གྱི་འཆད་ཁྲིད་ཚོགས་པ་དང་སྒྲོག་འགྲེལ་ཚོགས་པ་ཧུར་ཐག་བཙུགས་ནས་གྲོང་སྡོད་ལས་བྱེད་པ་དང་། “འཐུས་མི་གཉིས་དང་ཨུ་ཡོན་གཅིག” ཞིང་འབྲོག་པའི་འགྲེལ་པ་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་སྒོ་རྩར་སློབ་ཁྲིད་ལ་སྐྱོད་པའི་བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་ཞིང་། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་སྲིད་ཇུས་སྒྲོག་འགྲེལ་ཞིང་ནང་དང་མུ་ཁ། འབྲོག་ཁུལ། ཐོན་སྐྱེད་འཐབ་ས་དང་པོ་བཅས་སུ་སྤོས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་ཏང་གི་གསུང་སྒྲ་དང་ཏང་གི་སྲིད་ཇུས་དུད་ཚང་ཁྲི་སྟོང་ལ་ཁྱབ་པར་བྱས་ཡོད། མིག་སྔའི་བར་ས་ཁུལ་ཡོངས་ཀྱིས་སྒོ་རྩར་སློབ་ཁྲིད་བྱེད་པའི་བྱེད་སྒོ་ཐེངས་849སྤེལ་ནས་ཞིང་འབྲོག་ཁུལ་གྱི་ཏང་ཡོན་ཚོས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་མཚམས་མི་འཇོག་པ་དང་། སློབ་སྦྱོང་ཐད་སློབ་ཚན་ཚང་མ་ཉན་པ། བསམ་བློའི་ཐད་རྗེས་ལུས་མི་ཐེབས་པ་བཅས་ཀྱི་འགན་ལེན་བྱས་ཡོད།

    དཔེ་མཚོན་འཆད་ཁྲིད་བྱས་པས་ཏང་ཡོན་གྱི་སློབ་སྦྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    མངའ་རིས་ས་ཁུལ་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དཔེ་མཚོན་སློབ་སྦྱོང་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཡིད་དབང་འགུག་ཤུགས་དང་ཁྱབ་ཤུགས་དེ་བས་ཆེ་རུ་བཏང་སྟེ། ས་ཁུལ་ཡོངས་དང་ཁྱབ་ཁོངས་ཁག་དང་རིམ་པ་ཁག་ཏུ་ཐོན་པའི་དཔེ་མཚོན་མི་སྣ་དང་དཔེ་མཚོན་ཉམས་མྱོང་དང་བྱེད་སྟངས་སྔོག་འདོན་གཏིང་ཟབ་བྱས་ཏེ། “ཀྲི་པུའུ་ཧྲུའུ་ཅིའི་གླེང་སྟེགས”དང“ཏང་ཡོན་གྱི་ཁྲིད་ཕྲན”སོགས་སློབ་སྦྱོང་སྤེལ་རེས་ལས་སྟེགས་བཙུགས་པ་དང་། “སྒྱུར་བཅོས་གདོང་ལེན་པའི”མཚན་སྙན་ཐོབ་པའི་ཉི་མ་དོན་གྲུབ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ནོར་འཛིན། རྒྱལ་ཡོངས་དཔེ་བཟང་མི་དམངས་འདུམ་འགྲིག་པ་དགྲ་འདུལ་སོགས་སྔོན་ཐོན་མི་སྣ་གདན་དྲངས་ནས་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་དང་དཔེ་མཚོན་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ་ཐེངས་97འཚོགས་པ་དང་། སྔོན་ཐོན་དཔེ་བཟང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་ཡོན་ལས་བྱེད་པར་མིག་དཔེར་ལྟ་བ་དང་། སྔོན་ཐོན་ལ་སློབ་སྦྱོང་། འཇོན་ཐང་ཅན་ལ་འགྲན་རྩོད་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།