དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཚོང་པ་ཉི་མ་དབང་ལྡན་གྱི་ཁྲེང་ཏུའི་འཚོ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   ཧྲེན་པའོ་ཧན།   |     སྤེལ་དུས།  2024-02-04

    འདི་ནི་ཉི་མ་དབང་ལྡན(གཡས)གྱིས་ཚོང་ཤག་ཅིག་ལ་ཕྱུ་པ་ཚད་རྒྱག་བཞིན་པ།

    འདི་ནི་ཉི་མ་དབང་ལྡན་གྱིས་ཚོང་ཁང་གི་མཛོད་ཁང་ནང་ཕྱུ་པར་བཟོ་བཅོས་རྒྱག་བཞིན་པ།

    འདི་ནི་ཉི་མ་དབང་ལྡན་དང་ཁོང་གི་བུ་མོ་དབྱངས་སྐྱིད་སྒྲོལ་མ་དང་། བུ་རྡོ་རྗེ་ཚེ་རིང་། བཟའ་ཟླ་ཧོ་དབྱིང་ཅེ(གཡོན་ནས་གཡས་བར)བཅས་ཀྱིས་ཚོང་ཁང་ནང་མཉམ་པར་རྒྱག་བཞིན་པ།

    འདི་ནི་ཉི་མ་དབང་ལྡན་དང་བཟའ་ཟླ་ཧོ་དབྱིང་ཅེ་ཡིས་བུ་རྡོ་རྗེ་ཚེ་རིང་དང་བུ་མོ་དབྱངས་སྐྱིད་སྒྲོལ་མའི་རོགས་རམ་འོག་ཐད་གཏོང་བརྒྱུད་བོད་ཆས་འཚོང་བཞིན་པ།

    ཅིན་ཤིང་སྒྱུ་རྩལ་ཚོགས་པའི་ཚོགས་མི་ཕལ་ཆེ་བ་རྒྱ་རིགས་ཡིན་རུང་ནམ་རྒྱུན་གཙོ་བོ་བོད་གཞས་འཁྲབ་དགོས་སྟབས་འཁྲབ་ཆས་ཚང་མ་ཉི་མ་དབང་ལྡན་གྱི་ཚོང་ཁང་ནས་བཟོ་གི་ཡོད། འདི་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་རིག་གནས་ལྟེ་གནས་ཀྱི་སྦྱོང་བརྡར་ཁང་དུ་ཁྲེང་ཏུའུ་ཅིན་ཤིང་སྒྱུ་རྩལ་ཚོགས་པའི་ཚོགས་མི་ཚོས་ཉི་མ་དབང་ལྡན་གྱིས་བཟོས་པའི་ཕྱུ་པ་གྱོན་ནས་སྐོར་བྲོ་འཁྲབ་བཞིན་པ།

    འདི་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ནུབ་བྱང་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཉི་མ་དབང་ལྡན(གཡས་ཀྱི་དང་པོ)དང“ནུབ་བྱང་ཁྲོམ་གཞུང་སྡེ་ཁུལ་གྱི་མི་རིགས་མང་བའི་ཚོང་པའི་སྐུལ་སྤེལ་ཚོགས་པའི”ཚོང་པའི་འཐུས་མིས་སྡེ་ཁུལ་བཅོས་སྐྱོང་གི་འབྲེལ་ཡོད་གྲོས་གཞིར་གྲོས་བསྡུར་བྱེད་བཞིན་པ།

    འདི་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་རིག་གནས་ལྟེ་གནས་ཀྱི་སྦྱོང་བརྡར་ཁང་དུ་ཉི་མ་དབང་ལྡན(རྒྱབ)གྱིས་ཁྲེང་ཏུའུ་ཅིན་ཤིང་སྒྱུ་རྩལ་ཚོགས་པའི་ཚོགས་མིས་རང་ཉིད་ཀྱིས་བཟོས་པའི་ཕྱུ་པ་གྱོན་ནས་སྐོར་བྲོ་འཁྲབ་མཁན་ལ་པར་རྒྱག་བཞིན་པ།

    སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁྲོ་ཆུ་རྫོང་ནས་ཡིན་པའི་ཉི་མ་དབང་ལྡན་ནི་ཁྲེང་ཏུར་གཞིས་ཆགས་ནས་ལོ་20ལྷག་ཙམ་སོང་བའི་བོད་རིགས་ཀྱི་ཚོང་པ་སྙིང་རུས་ཅན་ཞིག་རེད། ཁོང་དང་བཟའ་ཟླ་ཧོ་དབྱིང་ཅེ་ཡིས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ཧྥུའུ་ཆིན་ཁྲོམ་གཞུང་ནུབ་བྱང་དུ“ཉི་མའི་མི་རིགས་གྱོན་གོས”ཞེས་པའི་ཚོང་ཁང་ཞིག་བཙུགས་ཡོད། འགྲིམ་འགྲུལ་སྟབས་བདེ་བས་ས་ཆ་དེ་སྔོན་མ་ནས་སི་ཁྲོན་རྔ་པ་ནས་ཡིན་པའི་མང་ཚོགས་ཁྲེང་ཏུར་སྡོད་ས་གཙོ་བོ་ཞིག་རེད།

    ཉི་མ་དབང་ལྡན་དང་ས་གནས་དེ་གར་འཚོ་སྡོད་བྱེད་མཁན་གྱི་མང་ཚོགས་དབར་འབྲེལ་བ་ཟབ་པས་2016ལོར་ཁོང་གིས་གྱོན་ཆས་ཚོང་ཁང་དེ་བཙུགས། ཁོང་བཟའ་ཚོ་གཉིས་པོས་ཕ་མེས་ཀྱི་བོད་ཆས་འཆར་འགོད་བཟོ་རྩལ་རྒྱུན་འཛིན་བྱས་ནས་འཆར་འགོད་དང་རྒྱུ་ཆ་ནང་འདྲེན་སོགས་ཀྱི་འགན་འཁུར་གྱི་ཡོད། ཚོང་ཁང་དུ་ལས་མི་རྒྱ་རིགས་ཁ་ཤས་གླས་པ་དེ་དག་གིས་ཉེ་འགྲམ་གྱི་གྲོང་མིའི་ཁུལ་ཆུང་དུ་བཙུགས་པའི་བཟོ་ཁང་ནང་གྱོན་ཆས་འཚེམ་བཟོ་བྱས་ཏེ“མདུན་དུ་ཚོང་ཁང་བཙུགས་པ་དང་རྒྱབ་ཏུ་བཟོ་ཁང”གཉེར་བའི་བོད་ཆས་ཚོང་གཉེར་བྱེད་བཞིན་ཡོད།

    ད་ཕན་ལོ་ཤས་རིང་། ཁྲེང་ཏུའི་གནམ་གཤིས་ཡག་པོ་དང་། བློ་བག་ཡངས་པའི་མི་ཆོས་ཁོར་ཡུག དར་ཞིང་རྒྱས་པའི་དཔལ་འབྱོར་གྱི་གསོན་ཤུགས་ལྡན་པ་བཅས་ལས་ཁྲེང་ཏུའུ་དེ་ཉིད་སི་ཁྲོན་ཞིང་ཆེན་ནང་ཁུལ་ཙམ་མ་ཟད། མཐའ་འཁོར་ཞིང་ཆེན་གྱི་མང་ཚོགས་གནས་སྤོ་བྱ་ཡུལ་གཙོ་བོ་ཞིག་ཏུ་འགྱུར་བཞིན་ཡོད་ཅིང་། དེ་དག་ཁྲོད་གྲངས་ཉུང་མི་རིགས་མི་ཉུང་བ་ཞིག་ཡོད། གྲངས་གཞི་ལས་མངོན་པར། མིག་སྔར་གྲངས་ཉུང་མི་རིགས་རྒྱུན་སྡོད་ཀྱི་མི་འབོར་ཁྲི་38ལྷག་ཙམ་ཟིན་པ་དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་ལོ་རེར་ཆ་སྙོམས་འགྲུལ་ཞུགས་བྱེད་ཚད་མི་ཐེངས་ཁྲི་400ལྷག་ཙམ་ཟིན་གྱི་ཡོད། ད་ཆ་ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.24ཟིན་པའི་ནུབ་བྱང་ཁྲོམ་གཞུང་སྡེ་ཁུལ་ནི་རྒྱ་རིགས་དང་། བོད་རིགས། ཆའང་རིགས། ཧུད་རིགས་སོགས་མི་རིགས་མང་པོ་ལས་འདུས་པའི་སྡེ་ཁུལ་ཞིག་ཏུ་གྱུར་ཡོད།

    མིག་སྔར། བོད་རིགས་ཀྱི་སྲོལ་རྒྱུན་སྐོར་བྲོ་ཁྲེང་ཏུའུ་ཁྲོམ་གཞུང་དང་དྲ་ཐོག་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ་བ་དང་བོད་ཆས་ཀྱི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པས་ཉི་མ་དབང་ལྡན་ལའང་ཚོང་བྲིན་ཁ་ཡག་པོ་རྒྱུག་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད།

    རང་ལོ་12ལ་ཁྲེང་ཏུར་སློབ་གྲྭར་བསྐྱོད་པ་ནས་ད་བར་ཉི་མ་དབང་ལྡན་སྔ་ས་ནས་སྒོ་དབྱེ་དང་། བསྟུན་མཁས། སྐྱེ་སྟོབས་བཅས་ཀྱིས་ཕྱུག་པའི་གྲོང་ཁྱེར་དེའི་འཚོ་བར་གོམས་པས་ཁོང་གིས་དེ་བས་དགའ་བར་གྱུར་ཡོད། བློ་གཅིག་སེམས་གཅིག་གིས་ཚོང་ལས་ལ་གཞོལ་བ་ཕུད། ད་དུང་སེམས་རྩ་འཁོལ་པོས་སྡེ་ཁུལ་བཅོས་སྐྱོང་ལས་ཀར་ཞུགས་ནས་དུས་དང་རྣམ་པ་ཀུན་ཏུ་ཁྲོམ་གཞུང་དང་སྡེ་ཁུལ་ལ་གཞོགས་འདེགས་ཀྱིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་རོགས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དེ་བས་ལེགས་པའི་སྒོ་ནས་ཁྲེང་ཏུའུ་གྲོང་ཁྱེར་གྱི་འཚོ་བར་གོམས་པ་དང་མི་རིགས་ཁག་གི་སྤུན་ཟླའི་དབར་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་རོགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།