དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཆོས་རིག་གནས་ སྤེལ་རེས་ལོ”འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-04

    ཤིན་ཧྭ་གསར་འགྱུར་ཁང་ཧྥུའུ་ཀྲོའུ་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། 2024ལོའི“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཆོས་རིག་གནས་སྤེལ་རེས་ལོའི”འགོ་ཚུགས་མཛད་སྒོ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་གཉེར་བ་རེད། རྒྱལ་དོན་ཨུ་ཡོན་ཁྲེན་དབྱི་ཆིན་འགོ་ཚུགས་མཛད་སྒོར་ཞུགས་ནས་ཙུང་ལི་ལི་ཆང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིག་ཚིག་ཀྱང་བསྒྲོན་པ་རེད།

    ཁྲེན་དབྱི་ཆིན་གྱིས་འདས་ཟིན་པའི་ལོ་10ལྷག་ཙམ་གྱི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་སྒྲུབ་དང་མཛའ་མཐུན་མཉམ་ལས་ཐད་ལེའུ་གསར་པ་ཞིག་བརྩམས་པ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    ཁྲེན་དབྱི་ཆིན་གྱིས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ། རིག་གནས་དང་། ཡུལ་སྐོར། སློབ་གསོ། གཞོན་ནུ། ལུས་རྩལ། བུད་མེད་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་གཏོང་བ། བསྟུན་མཁས་མིག་ལྟོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་ཆོས་རིག་གནས་སྤེལ་རེས་ཀྱི་ཁྱབ་རྒྱ་དང་། གཏིང་ཟབ་ཚད། དགའ་ཞེན་བྱེད་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་པོའི་དམངས་ཚོགས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ། མཛའ་མཐུན་ཁྱིམ་གཞིས་མཉམ་དུ་སྐྲུན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མཉམ་ལས་ལ་གསོན་ཤུགས་སྣོན་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།