དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “‘རྒྱུད་གཅིག་ལམ་གཅིག'མཉམ་སྐྲུན་ཆེད་སྒུལ་ཤུགས་གསར་པ་བསྣན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོན་ཞང་། ཧོང་ཕེ་ཀྲའོ། ཀྲང་མོང་ཞུས། རེན་ཧའོ་ཡུས།   |     སྤེལ་དུས།  2024-02-04

    འདི་ནི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཕྱོགས་སུ་སྐྱོད་བཞིན་པའི་ཐེག་ཆུང་མེ་འཁོར་ཡིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཞའོ་ཞའོ་ཡིས་པར་བརྒྱབ)

    འདི་ནི་ཨ་པུ་ཅིར་གྱི་དོས་སྒམ་གྲུ་ཁའི་རྣམ་གྲངས་ཐད་ཀྲུང་གོ་ཕྱོགས་ཀྱི་ལས་མིས་ཨེ་ཅིབ་ཕྱོགས་ཀྱི་ལས་མི་གསར་པར(གཡོན)རྡོ་ཧྲུག་རིམ་སྡེབ་ཞིབ་དཔྱད་ཚད་ལེན་བྱེད་སྟངས་སློབ་བཞིན་པ། (ཧྲི་ཡུའུ་ཏིས་པར་བརྒྱབ)

    འདི་ནི་ཨའེ་ཁེ་སཱ་ཏི་ཡའི་ཆན་ཕུའུ་500ཡི་གློག་སྒྱུར་ས་ཚིགས་རྣམ་གྲངས་ཡིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཞའོ་ཞའོ་ཡིས་པར་བརྒྱབ)

    འདི་ནི་སྐྲུན་བཞིན་པའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་ཡིན་པ། (ཨའེ་ཧ་མའེ་ཏེ·ཁེ་མཱས་པར་བརྒྱབ)

    འདི་ནི་རྒྱང་རིང་ནས་པར་བརྒྱབ་པའི་ཨ་པུ་ཅིར་དོས་སྒམ་གྲུ་ཁའི་རྣམ་པ་ཡིན་པ། (ཧྲི་ཞའོ་ཏིས་པར་བརྒྱབ)

    1

    ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་ཤར་རྒྱུད་དུ་གནས་པའི“སྨྱུང་སྲུང་ཟླ་བའི་ཉིན་བཅུའི་གྲོང”གི་གྲོང་འདབས་ཀྱི་ལྕགས་ལམ་ཨ་ཏེ་ལི·མན་སུར་བབས་ཚུགས་ནི་ཀྲུང་ཨེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་བྱས་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གྲས་ཤིག་ཡིན་ཞིང་། རྣམ་གྲངས་དེའི་སྤྱིའི་འགན་གཙང་ལེན་མཁན་ཀྲུང་གོ་ལྕགས་ལམ་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོ་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་རྒྱལ་སྤྱིའི་མཉམ་འབྲེལ་སྒྲིག་གཞིའི་ལས་དོན་མི་སྣས། ལྕགས་ལམ་དེ་ནི་ཨེ་ཅིབ་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་ལ། ཨ་ཧྥེ་རི་ཁའི་གློག་རླངས་ཅན་གྱི་ཐེག་ཆུང་ལྕགས་ལམ་ཐོག་མ་དེའང་ཡིན་པ་དེས་གྲོང་མི་ཁྲི་500ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།

    ལྕགས་ལམ་དེའི་སྲུང་སྐྱོང་རྣམ་གྲངས་པུའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་མཱ་ལི་ཁེ·སཱ་ལཱ་ཧོ་ཡིས་གསར་འགོད་པ་འཁྲིད་དེ་མེ་འཁོར་ནང་བསྡད་ནས་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པར་གནས་པའི་སྒྱུ་རྩལ་དང་རིག་གནས་གྲོང་བབས་ཚུགས་སུ་བསྐྱོད། འཁོར་སྒྲོམ་ནང་གི་འགྲུལ་པ་དབྱི་ཏེ་ལི་སིས་གསར་འགོད་པ་ཀྲུང་གོ་ནས་ཡོང་བ་གོ་རྗེས་མཐེ་བོང་བསྒྲེངས་ནས“ཀྲུང་གོ་ནི་ང་ཚོའི་གྲོགས་པོ་ངོ་མ་རེད”ཅེས་བསྔགས་བརྗོད་བྱས། འགྲུལ་པ་ཨའེ་ཧ་མའེ་ཏེས་སེམས་རྩ་འཁོལ་པོས་གསར་འགོད་པ་དང་བཅས་པ་མཉམ་པར་རྒྱག་པར་གདན་དྲངས་རྗེས“ལྕགས་ལམ་དེས་ཁེ་རོ་བ་མང་པོ་ཞིག་ལ་རྒྱུན་གཏན་གྱི་འགྲོ་སྐྱོད་ཐད་དེ་བས་སྟབས་བདེ་བསྐྲུན་ཞིང་། ཀྲུང་གོས་ཨེ་ཅིབ་ཀྱི་འཕེལ་རྒྱས་ཐད་དངོས་འབྲེལ་རོགས་རམ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཀྲུང་ཨེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མུ་མཐུད་གཏིང་ཟབ་བྱེད་པ་དང་བསྟུན་ནས། ཀྲུང་གོའི་སྒྲིག་ཆས་དང་ཀྲུང་གོའི་ལག་རྩལ་དེ་བས་མང་བ་ཨེ་ཅིབ་ཏུ་དར་ཏེ། ས་གནས་དེ་གའི་སྐྱེལ་འདྲེན་དང་ཟོག་འགྲེམས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཨེ་ཅིབ་ཀྱི《འཕྲིན་གསར་ཚགས་པར》ཐོག་དཔྱད་གཏམ་སྤེལ་ནས། ཀྲུང་གོའི་རོགས་རམ་ལ་བརྟེན་ཏེ“སྨྱུང་སྲུང་ཟླ་བའི་ཉིན་བཅུའི་གྲོང”གི་གྲོང་འདབས་ལྕགས་ལམ་ཨེ་ཅིབ་ཀྱི་ལྕགས་ལམ་གློག་རླངས་ཅན་གྱི་དུས་རབས་སུ་སླེབས་པར་འདེགས་སྐྱོར་བྱས་ཡོད་ཅེས་འཁོད་ཡོད།

    2

    ཨའེ་ཁེ་སཱ་ཏི་ཡའི་ཆན་ཕུའུ་500ཡི་གློག་སྒྱུར་ས་ཚིགས་སུའུ་དབྱི་ཧྲི་ཞིང་ཆེན་དུ་གནས་པ་དང“རྣམ་གྲངས་ནང་ཨེ་ཅིབ་ཀྱི་གློག་གཏོང་དྲ་རྒྱ་གཙོ་བོའི་གློག་གནོན་རིམ་པ་ཚང་མ་ཚུད་ཅིང་། གློག་གནོན་རིམ་པ་མི་འདྲ་བའི་གློག་འདྲེན་སྐུད་ལམ་བརྒྱུད་སྲིད་འཛིན་གྱི་རྒྱལ་ས་གསར་པ་དང་། ས་ཁོངས་དེའི་བཟོ་ལས་སྤྱོད་མཁན་དང་ཉེ་འཁོར་གྱི་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་དང་འབྲེལ་མཐུད་བྱས་ཡོད” ཀྲུང་གོ་ནུབ་གློག་གློག་རླངས་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་སུ་གཏོགས་པའི་ཤིས་ཨན་ནུབ་གློག་རྒྱལ་སྤྱིའི་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་ཨེ་ཅིབ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཕུང་པོ་ཡིས། རྣམ་གྲངས་འདི་2023ལོའི་ཟླ་3པར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཚུན། གློག་དྲ་བརྟན་ལ་བློས་འགེལ་ཆོག་པའི་རང་བཞིན་འགན་ལེན་བྱས་ཡོད་ལ། ས་ཁོངས་ནང་གི་གློག་དཀོན་པའི་གནས་ཚུལ་ཡང་ཞི་ལྷོད་དུ་བཏང་ཡོད་ཅེས་བརྗོད།

    2009ལོར། ཀྲུང་གོ་ནུབ་གློག་གློག་རླངས་མ་རྐང་ཚད་ཡོད་ཀུང་སི་དང་ཨེ་ཅིབ་གློག་ཤུགས་པུའི་ཁོངས་གཏོགས་ཀྱི་EGEMACཀུང་སིས་མ་དངུལ་མཉམ་དུ་བཏང་ནས་ནུབ་གློག་—EGEMACམཐོ་གནོན་གློག་རླངས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ། ཨེ་ཅིབ་ལ་གཞི་ཚུགས་པ་དང་དབུས་ཤར་དང་ཨ་ཧྥེ་རི་ཁའི་ཁྲོམ་རར་ཕྱོགས་ཡོད།

    མོ་ཧན་མོ་ཏེ་དེ་སྔ་ཀྲུང་གོར་ལག་རྩལ་གསོ་སྦྱོང་དུ་ཡོང་མྱོང་ཡོད་པ་དང་། ད་ཆ་གློག་གནོན་སྒྱུར་ཆས་འཁོར་ཁང་གི་སྤྱིའི་སྒྲིག་སྦྱོར་ལས་རིམ་པན་གྱི་པན་ཀྲང་ཡིན་ཞིང་། ཁོང་གིས“ང་ཚོས་ཐོན་སྐྱེད་བྱས་པའི་སྒྲིག་ཆས་དེ་དག་གློག་སྒྱུར་ས་ཚིགས་རེ་རེའི་ཐོག་སྤྱད་པ་མཐོང་སྐབས་སྤོབས་པ་ཆེན་པོ་སྐྱེ་གི་འདུག ང་ཚོའི་ལས་སྒྲུབ་ལས་མི་དེ་བས་མང་བས་གློག་སྤྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།

    3

    ཨ་པུ་ཅིར་གྲུ་ཁ་འདི་ཉིད་ཨེ་ཅིབ་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡ་ལི་ཧྲན་ཏར་གནས་ཤིང་། ཨ་པུ་ཅིར་དོས་སྒམ་གྲུ་ཁའི་རྣམ་གྲངས་ཀྱི་སྤུས་ཚད་ཅིང་ལི་པཱ་སེར་གྱིས་མི་སྒེར་གྱི་བདེ་འཇགས་འགོག་སྲུང་གྱོན་གོས་ལེགས་པར་གྱོན་ནས་ལས་ལ་གཞོལ་འགོ་ཚུགས། པཱ་སེར་གྱིས་ཉིན་གཅིག་གི་དུས་ཚོད་མང་ཆེ་བ་ཚན་པ་ཁག་དང་རྣམ་གྲངས་ཁག་གི་ཨར་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་སྐོར་གཟིགས་དང་ལྟ་སྐུལ་བྱེད་པར་གཞོལ་གྱི་ཡོད།

    སྐྲུན་ཟིན་ལ་ཉེ་བའི་དེང་རབས་ཅན་གྱི་གྲུ་ཁར་ལྟ་བཞིན་དུ་ཁོང་གིས“རྣམ་གྲངས་འདིར་ཨེ་ཀྲུང་གི་འཛུགས་སྐྲུན་པའི་རྔུལ་ཆུ་དང་མཛའ་གྲོགས་གཅིག་ཏུ་འདུས་ཡོད་ལ། དེ་ནི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱས་ནས་ཨེ་ཅིབ་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན་པའི་བསྡུས་རིས་ཤིག་ཀྱང་རེད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ཀྲུང་གོ་མཚོ་ཁུག་ཨེ་ཅིབ་ཀུང་སིའི་འགན་འཁུར་བ་ཏོན་ཁུན་གྱིས“མཉམ་འབྲེལ་མཉམ་མཐུད་ནི་སྒྲིག་ཆས་འབྲེལ་མཐུད་ཙམ་མ་ཟད། སེམས་པ་གཅིག་མཐུན་ཞིག་དེ་བས་ཀྱང་ཡིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད།

    ཀྲུང་གོ་ཕྱོགས་ཀྱི་ལས་རོགས་ཀྱི་རོགས་རམ་འོག པཱ་སེར་སྤུས་ཚད་ཞིབ་བཤེར་བ་ཞིག་ནས་སྤུས་ཚད་ཅིང་ལིར་འཚར་ལོངས་བྱུང་ཞིང་། ཁོང་གིས“སློབ་གྲྭར་འགྲོ་སྐབས་ངས་ཆེད་ལས་ཀྱི་ཤེས་བྱར་བརྟེན་ནས་ཨེ་ཅིབ་ཀྱི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་མཁན་ཞིག་ཏུ་འགྱུར་བའི་རེ་སྒུག་བྱེད་ཀྱི་ཡོད། ལོ་དེ་དག་ནང་ཤོག་ཐོག་གི་ཇུས་གཞི་དང་འཆར་གཞི་དག་རིམ་བཞིན་དོན་དངོས་སུ་འགྱུར་བ་མཐོང་སྐབས་ཕུགས་འདུན་མངོན་འགྱུར་བྱུང་བའི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།