དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཀྲུང་གོ་དང་རྒྱལ་ཁབ་དེ་བས་མང་བའི་དབར“རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་དུས་རབས”འཆར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་། སིང་ཀ་ཕོར། ཐེ་ལན་བཅས་ཀྱིས་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ལ་གཅིག་རྗེས་གཉིས་མཐུད་ངང་མིང་རྟགས་བཀོད་པ་དང་། ཀྲུང་གོའི་ཕྱི་ཕྱོགས་ཀྱི་ཕྱོགས་རྐྱང་པའི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་དང་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་ལས་དོན་སྤེལ་ཤུགས་ཇེ་ཆེར་ཕྱིན་ཡོད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཟླ་1ཚེས་31ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་བསྐྱོན་སྐབས་ཀྲུང་གོ་དང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”མུ་མཐུད་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་དེ་བས་མང་བ་དང“རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་དུས་རབས”དངོས་སུ་འཆར་ནས་དེའི་དགེ་མཚན་ལྡན་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས་ངོ་སྤྲོད་བྱས་དོན། མིག་སྔའི་བར་ཀྲུང་གོས་ལམ་ཡིག་མི་འདྲ་བ་ཚུད་པའི་རྒྱལ་ཁབ་157དང་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་བཞག་པ་དང་། རྒྱལ་ཁབ་44དང་རྒྱལ་སྒྲོལ་ཐོངས་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བའི་གྲོས་ཆོད་བཞག་པའམ་བཀོད་སྒྲིག་བྱས་པ། ཐེ་ལན་དང་། སིང་ཀ་ཕོར། མར་ཏི་ཝེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཚུད་པའི་རྒྱལ་ཁབ་23དང་ཕྱོགས་ཡོངས་ནས་རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པ་བཅས་བྱས་ཡོད། གཞན་ཡང་ད་དུང་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱིས་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའམ་ཡང་ན་རྒྱལ་སྒྲོལ་ཐོངས་མཆན་འགོད་སྟབས་བདེ་རུ་བཏང་ཡོད་པ་རེད། “གོང་གསལ་གྱི་བྱེད་ཐབས་ལས་ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་སྒྲོལ་སྐབས་སྔར་བས་སྟབས་བདེ་རུ་ཕྱིན་པ་དང་ཀྲུང་གོའི་ལམ་ཡིག་གི་རིན་ཐང་ཡང་ཆེ་རུ་ཕྱིན་པ་མ་ཟད་ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་དང་། ལས་དོན་སྤེལ་བ། སློབ་སྦྱོང་བྱེད་པ། འཚོ་བ་སྐྱེལ་བ་བཅས་ཀྱི་ཐད་སྟབས་བདེ་དེ་བས་མང་བ་བསྐྲུན་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད”

    “རྒྱལ་སྒྲོལ་ཐོངས་མཆན་འགོད་པའི་སྲིད་ཇུས་ལེགས་སུ་གཏོང་བ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་བ་ནི་ཕྱི་འབྲེལ་གྱིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཞབས་འདེགས་ཞུ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་གྲོགས་འགྲོ་འོང་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད”དབང་ཝུན་པིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས(ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས)ཀྱི་འགན་འཁུར་བས་ཉེ་ཆར་ཀྲུང་གོའི་རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཀྱིས་འཛམ་གླིང་གི་ཡུལ་སྐོར་ལས་རིགས་སླར་ཡང་སླར་གསོ་ཡོང་བར་ཕན་ཐོགས་ཡོད་པ་དང་། ཀྲུང་གོའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་ཀྱང་མཐའ་འཁོར་རྒྱལ་ཁབ་ཀྱི་ཡུལ་སྐོར་ལས་རིགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས་ཀྲུང་གོ་དང་སིང་ཀ་ཕོར་དང་ཀྲུང་གོ་དང་ཐེ་ལན་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་བཞག་རྗེས་དཔྱིད་གསར་དུས་ཆེན་རིང་ཀྲུང་གོའི་ཡུལ་སྐོར་བ་སིང་ཀ་ཕོར་དང་། མར་ཏི་ཝེ།ཐེ་ལན་བཅས་རྒྱལ་ཁབ་གསུམ་དུ་ཡུལ་སྐོར་དང་སིང་ཀ་ཕོར་དང་། མར་ཏི་ཝེ། ཐེ་ལན་བཅས་ཀྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་མཁན་ཧ་ཅང་མང་དུ་ཕྱིན་ནས་ཡུལ་སྐོར་མངགས་ཐོ་དུས་མཚུངས་ལས་ཆེས་ཆེར་འཕར་བས“རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་དུས་རབས”ཀྱི་དགེ་མཚན་ལྡན་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་ཅེས་བརྗོད་པ་རེད།

    “ང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་སྟབས་བདེ་ཅན་གྱི་བྱེད་ཐབས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཀྲུང་གོའི་སྤྱི་དམངས་དེ་བས་བདེ་འཇགས་དང་སྟབས་བདེའི་ངང་ཕྱི་རྒྱལ་དུ་སྐྱོད་པར་འགན་ལེན་ནུས་ལྡན་བྱེད་ཀྱི་ཡིན། ང་ཚོས་ཀྱང་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་ནས་ཀྲུང་གོའི་ས་གཞི་ཆེ་མོའི་སྐྱེ་སྟོབས་དང་། ཀྲུང་གོ་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་མཐུན། ཀྲུང་གོའི་མི་སེར་གྱི་འཚོ་བའི་ཉམས་འགྱུར་བཅས་དངོས་སུ་ཉམས་ལེན་ཐུབ་པར་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གཅུགས་ཀྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་དེ་བས་མང་བ་བརྩམས་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།