དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐུལ་ཁྲིད་ནུས་པ་གང་ལེགས་མངོན་བཞིན་ཡོད་པ།

    རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་ལ་ཆེད་དོན་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-03

    འདི་ནི་ཟླ་1ཚེས་29ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡིས་ཧན་གོའི་གྲོང་ཁྱེར་ཅང་ལིང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་བཞིན་པ།

    2024ལོའི་ཅང་ཡོན་ཏའོ་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་གཉེར་རིང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡིས་ཧན་གོའི་ཅང་ལིང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད། འདི་ལོའི་དགུན་ཁར་རང་རྒྱལ་དུ་གངས་འཁྱགས་ལུས་རྩལ་གྱི་ཚ་རླབས་འཕྱུར་བ་དང་ཀྲུང་གོའི་ན་གཞོན་ལུས་རྩལ་པས་སྐབས་འདིའི་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ནང་ཕུལ་བྱུང་གི་གྲུབ་འབྲས་བཏོད་པ་དང་དེ་བཞིན་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ངེས་གནས་སོགས་ཀྱི་ཐད་ལ་ལོ་70ལ་སླེབས་པའི་ཨོ་ལིམ་ཕིག་ལུས་རྩལ་གྱི“ཁ་ལོ་སྒྱུར་མཁན”ཁོང་གིས་རེ་རེ་བཞིན་གླེང་བ་རེད།

    2022ལོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྗེས་ཀྲུང་གོའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། པཱ་ཧོ་ཡིས་ངོས་འཛིན་བྱས་དོན། “མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད་བྱེད་པའི”ནུས་པ་ཧ་ཅང་མངོན་གསལ་དོད་པོ་བྱུང་ཡོད། དེ་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་བཏོད་པའི་རྩ་ཆེའི་རྒྱུ་ནོར་རེད། “ཀྲུང་གོར་ལུས་རྩལ་གྱི་རིན་ཐང་གི་རྣམ་པ་ཡག་པོ་ཞིག་མངོན་བཞིན་ཡོད་པ་མིག་ལྡན་ཀུན་གྱིས་མཐོང་ཐུབ། མདོར་བསྡུས་ནས་བཤད་ན། ལུས་རྩལ་དང་ལྷག་དོན་དུ་གངས་འཁྱགས་ལུས་སྦྱོང་ཐོན་ལས་ཀྱིས་ཀྲུང་གོའི་GDPལ་ལེགས་སྐྱེས་འབུལ་ཚད་སྔར་བས་མཐོ་རུ་འགྲོ་བཞིན་ཡོད། ཀྲུང་གོ་བ་དེ་བས་མང་བ་དགུན་དུས་ལུས་སྦྱོང་ནང་ཧུར་ཐག་ཞུགས་ཚེ་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་ཐུབ”

    པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྗེས་པཱ་ཧོ་ཡིས་ཀྲུང་གོ་དགུན་དུས་ལུས་རྩལ་རྒྱལ་ཁབ་ཀྱི་གྲས་སུ་ཞུགས་པར་དགའ་བསུ་ཞུ་གི་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་དགུན་དུས་ལུས་རྩལ་གྱི་དུས་རབས་གསར་པ་ཞིག་གི་འགོ་བརྩམས་ཡོད་ཅེས་ཐེངས་མང་བརྗོད་མྱོང་ཡོད། ད་ཆ་ཅང་ཡོན་ཏའོ་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཁོང་གི་ལྟ་ཚུལ་བདེན་པ་ཡིན་པ་ར་འཕྲོད་ཡོད། ཚེས་29ཉིན་བར་ལོ་14ནས་ལོ་18བར་གྱི་ཀྲུང་གོའི་གཞོན་ནུའི་གངས་འཁྱགས་ལུས་རྩལ་པ་ཚོས་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་8 ཟངས་ཀྱི་རྟགས་མ་3བཅས་བླངས་པ་དང་། གཟེངས་རྟགས་ཀྱི་བསྡོམས་འབོར་སྐབས་འདིའི་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་བང་རིམ་གྱི་ཨང་གཉིས་པར་སླེབས་ཡོད།

    “ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་དགུན་དུས་ཀྱི་རྣམ་གྲངས་འཕེལ་རྒྱས་ལ་འབད་འཐབ་བྱས་པ་དང་། ད་ཆ་གྲུབ་འབྲས་མངོན་བཞིན་ཡོད”པཱ་ཧོ་ཡིས། གསར་འགོད་པར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲངས་གཞི་ཞིག་མཉམ་སྤྱོད་བྱས་ཤིང་། དེ་སྔ་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མྱོང་བའི་ལུས་རྩལ་པས་གསེར་གྱི་རྟགས་མ་53བླངས་ཡོད་ཅེས་བརྗོད། “དེས་ན་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་དེ་ན་གཞོན་ལུས་རྩལ་པ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་མ་ཟད། བསམ་དོན་ལམ་ལྷོངས་ཡོང་བའི་རྨང་རྡོ་ལྟ་བུར་སྔར་བས་འགྱུར་བཞིན་ཡོད། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་དང་ཀྲུང་གོའི་དམངས་ཚོགས་ཀྱིས་ཀྲུང་གོའི་འཐུས་མི་ཚོགས་པས་ཅང་ཡོན་ཏའོ་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་བང་རིམ་གྱི་སྔོན་ལ་སླེབས་པ་དེ་འབྱུང་འགྱུར་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་བས་ལམ་ལྷོངས་ཡོང་བའི་མཚོན་རྟགས་སུ་བརྩི་ཆོག”

    (ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཅང་ལིང་ནས་གློག་འཕྲིན་འབྱོར་གསལ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།