དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཕྱི་རྒྱལ་གྱི་ལོ་གསར་མཁོ་ཆས་ཤིས་ཨན་དུ་དབོར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-03

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་དུས་ཆེན་གྱི་འབྲུ་སྣུམ་གྱི་ཁྲོམ་རའི་དགོས་མཁོ་རྒྱུན་མཐུད་ཆེ་རུ་འགྲོ་ཞིང་། ཀྲུང་གོ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཤིས་ཨན་ཨེ་ཅུས་འབྲུ་སྣུམ་བཟོ་ལས་ཚོགས་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གྱི་སྐྱེལ་འདྲེན་ལེགས་ཆར་བརྟེན་ནས་ཧ་སག་སི་ཐན་གྱི་བྱང་ཧ་སག་སི་ཐན་ཀྲོའུ་ནས་ཤིས་ཨན་བར་གྱི་ལོ་གསར་གྱི་མཁོ་ཆས་སྐྱེལ་འདྲེན་གྱི་ཆེད་གཏོང་མེ་འཁོར་བཏང་སྟེ། པད་ཁའི་མ་བཅོས་སྣུམ་ཏུན་1740རྒྱལ་ནང་དུ་དབོར་བ་དང་འཛད་སྤྱོད་པར་ཕྱི་རྒྱལ་ནས་ལོ་གསར་གྱི་མཁོ་ཆས་དབོར་བ་དང་དུས་མཚུངས“ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གྱི་ནང་འདྲེན་ཚོང་ཟོག་གི་ལོ་གསར་གྱི་མཁོ་ཆས་དུས་ཆེན”གཉེར་བ་དང་ཡོ་རོབ་དང་ཨེ་ཤེ་ཡ་དབུས་རྒྱུད་སོགས་ས་ཁུལ་གྱི་ནང་འདྲེན་བཟའ་བཅའ་སྣ་ཚོགས་འགྲེམས་ཚོང་བྱས་ཏེ་ཤིས་ཨན་གྱི་གྲོང་མིའི་དཔྱིད་གསར་དུས་ཆེན་གྱི་གསོལ་ལྕོག་གྲ་རྒྱས་སུ་བཏང་བ་རེད།

    འདི་ནི་ཟླ་2ཚེས་1ཉིན་ཧ་སག་སི་ཐན་ནས་དབོར་བའི་པད་ཁའི་མ་བཅོས་སྣུམ་ཏུན་1740བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་X8010ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་བབས་ཚུགས་སུ་འབྱོར་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།