དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབོད་སྐུལ་བྱས་དོན།

    ཉེ་ཤར་རྒུད་སྐྱོབ་འདུ་འགོད་ཁྲུའུ་ཡི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-03

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་ཏི་ཡ་ལི་ཁེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ཕ་ལེ་སི་ཐན་གྱི་ཉམ་ཐག་མི་སེར་རྒུད་སྐྱོབ་འདུ་འགོད་ཁྲུའུ(ཉེ་ཤར་རྒུད་སྐྱོབ་འདུ་འགོད་ཁྲུའུ)ཡི་མི་ཆོས་རིང་ལུགས་ཀྱི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་སྒྲིག་གཞི་དེའི་ཞལ་འདེབས་རྒྱག་མཁན་རྒྱལ་ཁབ་གཙོ་བོ་དང་ཐུག་འཕྲད་བྱས་ནས་ཞལ་འདེབས་སླར་གསོ་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    ཉེ་ཆར། ཉེ་ཤར་རྒུད་སྐྱོབ་འདུ་འགོད་ཁྲུའུ་ཡི་ལས་བཟོ་མང་པོ་ཞིག་ལ་ན་ནིང་ཟླ་10པར་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་ནང་ཞུགས་པའི་སྐྱོན་འདོན་ཞུ་གཏུག་བྱས་ཡོད། ཡོ་རོབ་དང་ཨ་མེ་རི་ཁ་རྒྱལ་ཁབ་མང་པོ་ཞིག་གིས་ཚེས་27ཉིན་སྒྲིག་གཞི་དེར་གནས་སྐབས་མ་དངུལ་མཁོ་འདོན་བྱེད་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཚེས་29ཉིན་ཏི་ཡ་ལི་ཁེས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀུ་ཐེ་ལེ་སི་ཡིས་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ནང་ཁུལ་གྱི་ལྟ་སྐུལ་ལས་དོན་ཐིང་གི་འགན་འཁུར་བ་དང་ཐུག་འཕྲད་བྱས་ནས་སྐྱོན་འདོན་ཞུ་གཏུག་དེར་བརྟག་དཔྱད་གང་མགྱོགས་དང་ནུས་ལྡན་བྱ་རྒྱུའི་འགན་ལེན་བྱས་ཡོད་ཅེས་བརྗོད། གཞན་ཡང་ཀུ་ཐེ་ལེ་སི་ཡིས་ཚེས་30ཉིན་ཉེ་ཤར་རྒུད་སྐྱོབ་འདུ་འགོད་ཁྲུའུ་ཡི་ཞལ་འདེབས་རྒྱག་མཁན་རྒྱལ་ཁབ་གཙོ་བོ་དང་ཐུག་འཕྲད་བྱས་ནས་ཞལ་འདེབས་སླར་གསོ་བྱ་རྒྱུའི་སྐོར་གྲོས་བསྡུར་བྱ་རྩིས་ཡོད་པ་རེད། ཀུ་ཐེ་ལེ་སི་ཡིས་མིག་སྔར་སྒྲིག་གཞི་དེའི་བྱ་སྤྱོད་རྒྱུན་མཐུད་ཡོང་བར་འགན་ལེན་བྱས་ནས་དམངས་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།