དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཁམས་བཟང་། ཀྲུང་གོ”ཞེས་པའི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་ཕ་རི་སིར་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-03

    འདི་ནི་ཧྥ་རན་སེའི་བྱིས་པས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མཛུབ་ཁྲིད་འོག་ཀྲུང་གོའི་ཕྱེས་བཟོས་གཟུགས་བརྙན་སྒྱུ་རྩལ་ཉམས་སུ་མྱོང་བའི་རྣམ་པ་ཡིན་པ།

    འདི་ནི་འོས་སྦྱོར་འདུ་ཚོགས་ཐོག ཀྲུང་ཕྱིའི་སྐུ་མགྲོན་ཚོས་ཀྲུང་གོའི་ཇའི་རིག་གནས་མྱོང་རོལ་བྱེད་བཞིན་པ།

    ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའུ་དང་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་། ཧྥ་རན་སེའི་ཕ་རི་སིར་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་དོན་གཅོད་ཁྲུའུ་ཡིས་གཉེར་འགན་ཁུར་བའི“ཁམས་བཟང་། ཀྲུང་གོ”ཞེས་པའི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་ཟླ་1ཚེས་30ཉིན་ཕ་རི་སིའི་པུའུ་ལུང་ཉི་ཡཱ་ཕོ་བྲང་དུ་འཚོགས་པར་ཀྲུང་གོ་དང་ཧྥ་རན་སེའི་ལས་རིགས་ཁག་གི་མི་སྣ་500ཙམ་ཞུགས་ཡོད་པ་རེད། འོས་སྦྱོར་འདུ་ཚོགས་ཐོག“ཁམས་བཟང་། ཀྲུང་གོ”ཞེས་པའི་རྒྱལ་ཁབ་ཀྱི་ཡུལ་སྐོར་གཟུགས་བརྙན་མཚོན་རྟགས་དང་དེ་བཞིན“དར་གོས་ལམ་བུ”དང་། “ལྷོ་ནུབ་ཀྱི་མི་རིགས་གོམས་གཤིས”“རྨ་ཆུའི་རིག་གནས་འགྲུལ་བཞུད”“གངས་འཁྱགས་ཡུལ་སྐོར”བཅས་ལམ་ཐིག་རྩེ་གྲ་བཞི་ཡོངས་བསྒྲགས་བྱས་པ་དང་འབྲེལ་ཀྲུང་གོར་ཡུལ་སྐོར་ལ་ཡོང་བའི་བྱེད་ཐབས་སྟབས་བདེ་ཅན་ཁག་ངོ་སྤྲོད་ཀྱང་བྱས་པ་རེད། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་དང་ཧྥ་རན་སེའི་བྱིས་པའི་མཉམ་གཞས་ཚོགས་པས《པད་མའི་བསིལ་ཁང》དང《གལ་སྲིད་ང་རང་ཀྲུང་གོར་སྐྱོད་ན》སོགས་ལེ་ཚན་སོ་སོར་འཁྲབ་སྟོན་བྱས་པ་དང་། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཇའི་རིག་གནས་དང་ཤོག་དྲས་སྒྱུ་རྩལ་སོགས་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།