དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་6བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-03

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། སྤྱོད་གཙང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་6བརྡ་ཁྱབ་བཏང་བ་རེད།

    མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཡའོ་ལིན་གྱིས་སྒྲིག་འགལ་ངང་བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་བྱས་པའི་གནད་དོན། 2012ལོ་ནས་2014ལོའི་བར། ཡའོ་ལིན་གྱིས་སྔ་རྗེས་སུ་སྒྲིག་འགལ་ངང་བུ་མོ་རྒན་པ་དང་གཞོན་པའི་གཉེན་སྟོན་དང་དེ་བཞིན་ཨ་མའི་དུར་སྐྱེལ་རྗེས་འཇུག་བསྒྲུབས་ནས་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་སོགས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་11གིས་བསྐྱལ་བའི་འབུལ་རྟེན་དངུལ་སྒོར་ཁྲི་20.6བླངས་པ་རེད། ཡའོ་ལིན་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཀྱང་ཡོད་པ་རེད། 2023ལོའི་ཟླ་12པར། ཡའོ་ལིན་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་རྒན་ཡོལ་གྱི་ཐོབ་ཆ་མེད་པར་བཟོ་བའི་ཆད་པ་ཕོག་པ་དང་། ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།

    མཚོ་ལྷོ་ཀྲོའུ་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཀྲོའུ་ཀྲང་གཞོན་པ་གནམ་ལྷ་སོགས་ཀྱིས་སྒྲིག་འགལ་ངང་བཟའ་འཐུང་བྱས་པའི་གནད་དོན། 2024ལོའི་ཟླ་1ཚེས་15ཉིན་གནམ་ལྷ་བརྟག་ཞིབ་མཇུག་འགྲིལ་ནས་ཁྲི་ཀ་རྫོང་བརྒྱུད་པའི་ལམ་བར་དུ་ཁྲི་ཀ་རྫོང་གི་རྒྱུན་ཨུ་དང་ལ་ཟེ་བ་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅིང་ཝུན་དང་། ཁྲི་ཀ་རྫོང་ཡུལ་སྐོར་གསར་སྤེལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅཱ་ཀྲའོ། ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞུའེ་ཅུན། སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་ཁྲའེ་ཆེ་གེ་མོ(བུད་མེད)དང་སེ་ཆེ་གེ་མོ་སོགས་དང་མཉམ་དུ་ཆང་རག་བཏུངས་པ་དང་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་གིས་ཆང་རག་ཉོས་པ་དང་འབྲེལ་ལྟོ་རིན་སྒོར་ཁྲི་0.11སྤྲད་པ་རེད། ཆང་རག་བཏུངས་རྗེས་ཀྱི་གནམ་ལྷའི་ཀུན་སྤྱོད་དང་ཚུལ་དང་མི་མཐུན་པའི་བྱེད་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱི་སྲིད་འཛིན་ཆད་པ་ཕོག་ཡོད། ཟླ་1ཚེས་16ཉིན་གནམ་ལྷ་དང་། ཀྲང་ཅིང་ཝུན། ཅཱ་ཀྲའོ། ཁྲེན་ཞུའེ་ཅུན་བཅས་ཀྱི་གོ་གནས་གནས་སྐབས་མེད་པར་བཟོས་ནས་ཞིབ་བཤེར་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཐོ་འགོད་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་པ་རེད།

    མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁུ་ནུ་ལམ་མངགས་གཏོང་ཁང་གི་རིམ་པ་དང་པོའི་ཉེན་རྟོག་པ་མཱ་ཁྲའོ་ཡིས་སྒྲིག་འགལ་ངང་སྤྲོ་སྐྱིད་ཞབས་ཞུ་དང་ལེན་བྱས་པའི་གནད་དོན། 2023ལོའི་ཟླ་8པར། མཱ་ཁྲའོ་ཡིས་བཟའ་བཏུང་སྤྲོ་སྐྱིད་ཁང་ཞིག་གི་སྤྱི་ཁྱབ་ཅིང་ལི་དབྱང་ཆེ་གེ་མོའི་གདན་ཞུ་དང་དུ་བླངས་ནས་སྤྲོ་སྐྱིད་ཁང་དུ་ཆང་རག་བཏུངས་པ་དང་གླུ་གཞས་བཏང་བའི་འཛད་སྤྱོད་དངུལ་སྒོར་0.11ཚང་མ་སྦྱིན་བདག་གིས་བླངས་མེད་པ་རེད། 2023ལོའི་ཟླ་11པར། མཱ་ཁྲའོ་ལ་སྲིད་དོན་གྱི་སྐྱོན་ཐོ་ཆེན་པོ་འགོད་པའི་ཆད་པ་ཕོག་པ་རེད།

    དཔེ་མཚོན་གནད་དོན་གཞན་དག་གསུམ་པོ་ནི། རྨ་ལྷོ་ཀྲོའུ་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཅང་ཡུང་གིས་སྒྲིག་འགལ་ངང་ཡུལ་སྐོར་ཞབས་ཞུ་དང་ལེན་བྱས་པའི་གནད་དོན་དང་། ཡུལ་ཤུལ་ཀྲོའུ་འབྲི་སྟོད་རྫོང་སྲིད་གྲོས་ཀྱི་རིམ་གསུམ་བརྟག་ཞིབ་པ་རྡོ་རྗེ་བཟང་པོས་སྒྲིག་འགལ་ངང་འབུལ་རྟེན་བསྐྱལ་བའི་གནད་དོན། ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཀྱི་ཤིན་ཀྲོང་གོང་མ་གྲོང་ཚོ་ཨུ་ལྷན་གྱིས“དངུལ་སྦས་ཁུང”བཟོས་པའི་གནད་དོན་བཅས་རེད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་དཔའ་མོས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།