དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཐེ་ལན་གྱི་ཚོང་ལས་ཆིང་ནུས་གཙང་མའི་རྣམ་གྲངས་ཐོག་མ་གཏོད་རོགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-02-02

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ནུས་རྒྱུ་གསར་པའི་ཁེ་ལས་པེ་ཅིང་མིང་དབྱང་ཆིང་ནུས་ཚན་རྩལ་ཚད་ཡོད་ཀུང་སི་དང་ཐེ་ལན་གཤེར་རླངས་རང་བྱུང་སོལ་རླངས་བརྒྱུད་ཚོང་ཚོང་པ་IBCLNGཚད་ཡོད་ཀུང་སིས་ཚེས་26ཉིན་པང་ཁོག་ཏུ་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ཐེ་ལན་གྱི་ཚོང་ལས་ཆིང་ནུས་གཙང་མའི་རྣམ་གྲངས་ཐོག་མ་བཏོད་ནས་ཐེ་ལན་གྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་རྒྱུ་རེད།

    མིང་དབྱང་ཆིང་ནུས་ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་ཧྲན་ཀྲུང་མིན་གྱིས། མིང་དབྱང་ཆིང་ནུས་ཀུང་སི་འདི་ཉིད་ད་ཐེངས་མཉམ་ལས་ཀྱི་ལག་རྩལ་དང་སྒྲིག་ཆས་ཀྱི་མཁོ་སྤྲོད་ཚོང་པ་ཡིན་པའི་ཆ་ནས་ཐེ་ལན་དང་མཉམ་ལས་བྱེད་པ་ནི་སྒྲིག་ཆས་འཚོང་བ་ཙམ་མ་ཟད། ཐེ་ལན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་རྒྱལ་སྤྱིའི་མཉམ་ལས་ཀྱི་ཇུས་གཞི་ཡག་པོ་མཁོ་འདོན་བྱེད་ཐུབ་རེ་དེ་བས་བྱེད་ཀྱི་ཡོད་ཅེས་བརྗོད།

    ཐེ་ལན་གྱིས་2050ལོར་སླེབས་སྐབས་ཐཱན་སྙོམས་སྦྱོར་ཡོང་བ་དང་2065ལོར་དྲོད་ཁང་རླངས་གཟུགས་གཅིག་ཀྱང་འབུད་གཏོང་མི་བྱེད་པའི་འཆར་གཞི་ཡོད། ཐེ་ལན་སྲིད་གཞུང་གིས་གོང་གསལ་གྱི་དམིགས་ཚད་མངོན་འགྱུར་གྱི་འཆར་འགོད་རི་མོ་བཟོས་ནས་ཕྱོགས་ཁག་གིས་བྱ་སྤྱོད་སྤེལ་ཏེ་དྲོད་ཁང་རླངས་གཟུགས་འབུད་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།