དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རླངས་འཁོར་ཆུང་གྲས་ཀྱི་འཁོར་རྟགས་གཉེར་བའི་ལས་སྒོའི་བརྒྱུད་རིམ་སྟབས་བདེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-02

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་འཁོར་རྟགས་སྤྲོད་བཞིན་པ།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འཁོར་རིགས་དོ་དམ་སུའོ་ཡིས་རླངས་འཁོར་ཆུང་གྲས(ནུས་རྒྱུ་གསར་པའི་རླངས་འཁོར་ཚུད་མེད་པ)ལ་འཁོར་རྟགས་བསྒར་བའི་ལས་སྒོའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ཞིང་། དེ་ཡང་དཔྱད་གཞི་ཞིབ་དཔྱད་བྱུང་རྗེས་མགྱོགས་ཤོས་ལ་སྐར་མ་6གི་ནང་ཚུན་དུ་འཁོར་རྟགས་ལེན་ཆོག་པ་མ་ཟད། ཉིན་དེ་གར་བཟོས་ཏེ་འཁོར་རྟགས་བསྒར་ཆོག་གི་ཡོད་པ་རེད།

    འཁོར་རིགས་དོ་དམ་སུའོ་ཡི་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་དགོས་མཁོ་ལྟར་སྦྲག་སྲིད་ཀྱི་EMSབརྒྱུད་འཁོར་རྟགས་བསྐུར་ཆོག་པ་དང་། འཁོར་རིགས་དོ་དམ་གྱི་ལས་སྒོ་གཉེར་རིང་གལ་ཏེ“བར་ཁེ་བས”སུན་པོ་བཟོ་བའམ་ཡང་ན་སྒྲིག་འགལ་ངང་ཚབ་གཉེར་འགྲོ་གྲོན་བསྡུ་བ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་འཕྲལ་མར་དཔང་རྟཌ་ཉར་བ་དང་འབྲེལ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་ཐེར་འདོན་གོང་ཞུ་བྱེད་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།