ཅང་སུའུ་ཧོའེ་ཨན་དུ་ཕྱི་སྦྱོང་སློབ་མས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱས་པ།
ཟླ་1ཚེས་30ཉིན། ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཧོའེ་དབྱིན་དགེ་འོས་སློབ་གླིང་གིས“ཀྲུང་ཕྱིའི་དགེ་སློབ་གོམས་སྲོལ་གླེང་། འབྲུག་ལོའི་ལོ་གསར་དགའ་བས་བསུ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། ཕྱི་སྦྱོང་སློབ་མ་དང་དགེ་རྒན་སྒྲིག་འཛུགས་ཀྱིས་མཉམ་དུ་དཔྱིད་གསར་ཆ་ཡིག་འབྲི་བ་དང་། ཆུ་མོག་བཟོ་བ། ལྒང་བཞུ་འགེལ་བ་སོགས་བྱས་ཏེ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་སྲོལ་རྒྱུན་གོམས་སྲོལ་སྦྱངས་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་ཉམས་སུ་ལེན་པ་མ་ཟད། ཀྲུང་གོའི་དཔྱིད་གསར་དུས་ཆེན་ལ་དགའ་སྤྲོའི་ངང་བསུ་བ་ཞུས་ཤིང་། འདི་ནི་ཟླ་1ཚེས་30ཉིན་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཧོའེ་དབྱིན་དགེ་འོས་སློབ་གླིང་གི་དགེ་རྒན་དང་ཕྱི་སྦྱོང་སློབ་མས་མཉམ་དུ་དམངས་སྲོལ་ཉམས་ལེན་བྱེད་བཞིན་པ།