དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པཱ་ཧོས་བརྗོད་དོན།

    “གློག་རྡུལ་རྩལ་འགྲན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས”2026ལོར་གཉེར་རྒྱུ་ཡིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-01

    ཤིན་ཧྭ་གསར་འགྱུར་ཁང་ཧན་གོ་ཅང་ལིན་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོས་ཅང་ཡོན་ཏའོ་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། 2025ལོའམ་ཡང་ན་2026ལོར་ཨོ་ལིམ་ཕིག་གློག་རྡུལ་རྩལ་འགྲན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་རྒྱུར་བསམ་བློ་གཏོང་བཞིན་ཡོད་ཅེས་བརྗོད།

    གློག་རྡུལ་རྩལ་འགྲན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་འགྲན་བསྡུར་བྱེད་ཐབས་དང་དུས་ཚོད་སྐོར་ལ་པཱ་ཧོས་མིག་སྔར་ད་དུང་རྦད་དེ་གཏན་འཁེལ་བྱུང་མེད་ཅེས་བརྗོད། “ང་ཚོས་ད་དུང་འགྲན་བསྡུར་བྱེད་ཐབས་དང་དུས་ཚོད་བརྒྱ་ཆ་བརྒྱ་གཏན་འཁེལ་བྱས་མེད་ཀྱང་ཞིབ་འཇུག་ལ་གྲུབ་འབྲས་ཆེན་པོ་ཐོབ་བཞིན་ཡོད། དེར་བརྟེན། ངས་བལྟས་ན། ང་ཚོས་2025ལོའམ་ཡང་ན་2026ལོར་ཨོ་ལིམ་ཕིག་གློག་རྡུལ་རྩལ་འགྲན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་རྒྱུར་བསམ་བློ་གཏོང་ཆོག་གི་ཡོད”

    ན་ནིང་ཟླ་10པར་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་141པའི་འགོ་ཚུགས་མཛད་སྒོར་པཱ་ཧོས་ཤིས་ཚིག་སྒྲོན་སྐབས། “ངས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་གློག་རྡུལ་རྩལ་འགྲན་ཨུ་ལྷན་གསར་པས་ཨོ་ལིམ་ཕིག་གློག་རྡུལ་རྩལ་འགྲན་ལུས་རྩལ་འགྲན་ཚོགས་གཉེར་རྒྱུར་ཞིབ་འཇུག་བྱེད་དགོས་པའི་རེ་བ་བཏོན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།