དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་མ་ཏེ་རི་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-01

    ཤིན་ཧྭ་གསར་འགྱུར་ཁང་མ་ཏེ་རི་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་མ་ཏེ་རི་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་སྟོན་ཉེ་ཆར་སི་ཕེན་གྱི་མ་ཏེ་རི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ལ་ལས་རིགས་ཀྱི་འཕེལ་ཕྱོགས་དང་འགུལ་རྣམ་མཉམ་སྤྱོད་བྱེད་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་གླེང་མང་བའི་གླེང་གཞིར་དམིགས་ནས་འཛམ་གླིང་ས་ཆ་ཁག་གི་ཡུལ་སྐོར་ལས་དོན་པར་འགྲེམས་སྟོན་དང་སྤེལ་རེས་ཀྱི་ལས་སྟེགས་གཏོད་རྒྱུ་རེད།

    མ་ཏེ་རི་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་ཚོགས་སྐབས་44པའི་ཐོག་རྒྱལ་ཁབ་དང་ས་ཁུལ་152ནས་ཡོང་བའི་འགྲེམས་ཞུགས་ཚོང་པ་806དང་ཁེ་ལས་9000ཞུགས་རྒྱུ་རེད། སྒྲིག་འཛུགས་བྱེད་མཁན་གྱིས་ཚོད་དཔག་བྱས་པར་གཞིགས་ན། འགྲེམས་ཚོགས་ལ་ལས་རིགས་ནང་ཁུལ་གྱི་མི་སྣ་ཁྲི་15དང་ལྟད་མོ་བ་ཁྲི་10སླེབས་ནས་ཡོང་འབབ་ཡོ་རོབ་སྒོར་མོ་དུང་ཕྱུར་4.3ཙམ་གཏོད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།