དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལོ་མ་རྩ་མཉམ་འཇོག་གི་ལོ་སི་རྒྱལ་ཁབ་གློག་གཏོང་དྲ་བ་ཀུང་སི་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-01

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་ལོ་སི་རྒྱལ་ཁབ་གློག་གཏོང་དྲ་བ་ཀུང་སི་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་གཉེར་བ་དང་། ལོ་སི་སྲིད་གཞུང་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་སྨྱན་སྦྱོར་ཚན་པའི་མི་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ལོ་སི་རྒྱལ་ཁབ་གློག་གཏོང་དྲ་བ་ཀུང་སི་ནི་ཀྲུང་གོ་ལྷོ་ཕྱོགས་གློག་དྲ་ཀུང་སི་དང་ལོ་སི་རྒྱལ་ཁབ་གློག་ཤུགས་ཀུང་སིས་མཉམ་དུ་མ་རྩ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་། ལོ་སི་སྲིད་གཞུང་གི་ལྟ་འདོམས་འོག་ལོ་སི་རྒྱལ་ཁབ་ཀྱི་གློག་དྲ་གཉེར་སྐྱོང་ཀུང་སི་ཞིག་གི་ངོས་ནས་ལོ་སིའི་ཆན་ཧྥུའུ་230ཡན་གྱི་གློག་དྲ་དང་ཉེ་འཁོར་རྒྱལ་ཁབ་རྒྱལ་སྒྲོལ་དྲ་སྦྲེལ་རྣམ་གྲངས་ལ་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱེད་པའི་འགན་འཁུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།