དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྥ་རན་སེའི་ཕྱི་སྦྱོང་སློབ་མ་ཀྲང་པོ་ཧན་གྱིས་བརྗོད་དོན།

    ངས་ཀྲུང་གོར་བཅངས་པའི་བརྩེ་བ་དེ་བས་ཟབ་ཏུ་ཕྱིན་སོང་།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-01

    ཟླ་1ཚེས་23ཉིན་ཨན་ཧུའེ་གསོ་རིག་སློབ་ཆེན་ནད་ཐོག་སྨན་བཅོས་སྨན་ནུས་ཞིབ་འཇུག་ཁང་དུ་དགེ་རྒན་ཞིག་གིས་ཀྲང་པོ་ཧན(གཡོན)ལ་རིམས་འགོག་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    2023ལོའི་ཟླ་10ཚེས་8ཉིན། ཀྲང་པོ་ཧན་ཀྲུང་གོའི་སློབ་ཆེན་སློབ་མའི་དྲག་རྩལ་ལེགས་སྐྱེས་འགྲན་བསྡུར་ནང་ཞུགས་བཞིན་པ།

    ཀྲང་པོ་ཧན་ལོ་5ལ་སླེབས་སྐབས་པཱ་ལགས་དང་མཉམ་དུ་ཐའེ་ཅི་ཆོན་སྦྱངས་པ་བརྒྱུད་ཆུང་དུས་ནས་ཀྲུང་གོར་ཡིད་སྨོན་ཚད་མེད་བྱེད་ཀྱི་ཡོད། 2019ལོར་ཁོང་ཀྲུང་གོར་ཡོང་ནས་སློབ་སྦྱོང་བྱེད་འགོ་ཚུགས། སློབ་སྦྱོང་གི་ཞོར་དུ་ཁོང་གིས་ཨན་ཧུའེ་ཁྲི་ཀྲོའུ་ཡི་ཐའེ་ཅི་ཆོན་གྱི་དགེ་རྒན་ཞིག་ལ་བསྟེན་ནས་མུ་མཐུད་ཐའེ་ཅི་ཆོན་སྦྱངས་པ་མ་ཟད། 2023ལོའི་ཟླ་10པར་ཀྲུང་གོའི་སློབ་ཆེན་སློབ་མའི་དྲག་རྩལ་ལེགས་སྐྱེས་འགྲན་བསྡུར་ནང་ཕྱི་སྦྱོང་སློབ་མའི་ཚོགས་ཆུང་གི་བུ་མོའི་ཁྲེན་ཧྲི་རྣམ་པའི་ཐའེ་ཅི་ཆོན་དང་ཐའེ་ཅི་ཧྥུའུ་ཁྲེང་འགྲན་བསྡུར་གཉིས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།

    ཀྲང་པོ་ཧན་དྲག་རྩལ་ལ་དགའ་བ་མ་ཟད། ད་དུང་རི་འཛེག་རྒྱུར་དགའ་པོ་ཡོད། “རི་བོ་ཧོང་ཧྲན་ལ་ལྟ་བར་སྐྱོད་སྐབས་དེའི་མཛེས་སྡུག་གི་རྣམ་པས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང”བརྗིད་ཉམས་ཆེ་ཞིང་མཛེས་སྡུག་ལྡན་པའི་རི་ཀླུང་དང་། ཁྱད་ལྡན་ཞིམ་ཟས། སྲོལ་རྒྱུན་རིག་གནས་བཅས་ལས་ཀྲང་པོ་ཧན་གྱིས་ཀྲུང་གོར་བཅངས་པའི་བརྩེ་བ་དེ་བས་ཟབ་ཏུ་ཕྱིན། འབྱུང་འགྱུར་སྐོར་གླེང་སྐབས་ཀྲང་པོ་ཧན་གྱིས་སློབ་གྲྭ་ཐོན་རྗེས་གསོ་རིག་ཆེད་ལས་ཀྱི་ཤེས་བྱར་བརྟེན་ནས་མི་གཞན་ལ་རོགས་རམ་བྱེད་ཐུབ་རེ་ཡོད་ལ། མི་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    འདི་ལོ་ལོ་21ལ་སླེབས་པའི་ཀྲང་པོ་ཧན་ནི་ཧྥ་རན་སེའི་ལི་ཨང་ནས་ཡིན་པ་དང་། ཨན་ཧུའེ་གསོ་རིག་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ནད་ཐོག་གསོ་རིག་ཆེད་ལས་ཀྱི་2019ལོའི་སློབ་མ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།