དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-01

    ཚེས་30ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ། རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་དང་རྒྱལ་ཡོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་དང་། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བཅས་དོན་འཁྱོལ་ནན་ཏན། 2023ལོའི་ལས་དོན་ལ་ཕྱིར་དྲན་ཕྱོགས་སྡོམ། 2024ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་པར་སྐུལ་འདེད་བཏང་ཡོད་པ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། 2023ལོར་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཐབ་ཕྱོགས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཡོངས་ལ་ཧུར་ཐག་ཞུགས་རྒྱུ་མཐའ་འཁྱོངས་དང་བརྒྱུད་རིམ་ཅན་གྱི་འཆར་འགོད་དང་། རྣམ་གྲངས་ཅན་གྱི་ལག་བསྟར། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་པས། ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དུས་རབས་གསར་པའི་ཤེས་དཔལ་བོད་ལྗོངས་ཀྱི་དམིགས་ཚད་མངོན་འགྱུར་ཡག་པོ་ཐུབ་པ་དང་མི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། རིམ་གསུམ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་སར་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཁྲི་37རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བར་ལྟད་མོ་བ་མི་ཐེངས་ཁྲི་2820ཟིན་ཡོད། སྤྱི་ཚོགས་ཀྱི་གོམས་སྲོལ་ཡར་རྒྱས་དང་ལེགས་སུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་། “ཀྲུང་གོའི་མི་བཟང” ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུ། “དུས་རབས་གསར་པའི་ལོ་ཆུང་བཟང་པོ”སོགས་སྔོན་ཐོན་དཔེ་མཚོན་འོས་སྦྱོར་དང་འདེམས་པའི་ལས་དོན་སྤེལ་ཞིང་། མི་4“ཀྲུང་གོའི་མི་བཟང་བང་རིམ”ནང་གཟི་བརྗིད་ལྡན་པའི་ངང་ཚུད་པ་དང་། ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་5རྒྱལ་ཡིངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་གི་དང་བླངས་ཞབས་ཞུའི“བརྒྱ་བྱས་པ་བཞིའི”སྔོན་ཐོན་དཔེ་མཚོན་མིང་ཐོར་བདམས་ཐོན་བྱུང་བ། མི་1རྒྱལ་ཡོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོར”བདམས་ཡོད་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་གྱི་སྔོན་ཐོན“སྒོ་ཀུན་ནས་དཔྱད་འདེམས་བྱེད་པའི”ལོ་ཞིག་ཀྱང་རེད། འདི་ལོའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་མང་ཚོགས་རང་བཞིན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཤེས་དཔལ་འཛུགས་གཏོད་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་སྐྱེད་སྲིང་བཅས་ལ་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།