དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཨ་ཀྲ་ལི་ཁོ་མོ་རོའི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཨ་ཀྲ་ལི་ཁོ་མོ་རོའི་ཙུང་ཐུང་ལ་མུ་མཐུད་བདམས་པར་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུས་པ་དང་། ཁོ་མོ་རོའི་སྲིད་གཞུང་གསར་པ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཉིན་ཤས་གོང་ཁོ་མོ་རོའི་ཆེས་མཐོའི་ཁྲིམས་ཁང་གིས་ཙུང་ཐུང་འདེམས་བསྐོའི་མཐའ་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ད་ལྟའི་ཙུང་ཐུང་ཨ་ཀྲ་ལིར་57.02%ཡི་འདེམས་ཤོག་ཐོབ་ནས་མུ་མཐུད་ཙུང་ཐུང་ལ་བདམས་པ་རེད། ཀྲུང་གོ་ཕྱོགས་ནས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    “ང་ཚོས་ཁོ་མོ་རོའི་ཆེས་མཐོའི་ཁྲིམས་ཁང་གིས་ཙུང་ཐུང་འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པར་དོ་སྣང་བྱུང་། སྐུ་ཞབས་ཨ་ཀྲ་ལི་ཁོ་མོ་རོའི་ཙུང་ཐུང་ལ་མུ་མཐུད་བདམས་པར་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་གི་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད་པ་དང་། ཁོང་གིས་ཙུང་ཐུང་ཨ་ཀྲ་ལིས་མུ་མཐུད་འགོ་ཁྲིད་གནང་བའི་འོག་ཁོ་མོ་རོའི་རྒྱལ་ཁབ་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་ཁོ་མོ་རོ་དང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། “ང་ཚོས་ཁོ་མོ་རོ་སྲིད་གཞུང་གསར་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།