དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རིག་གནས་ཁྱིམ་ཚང་མང་པོར་སྤེལ། དགའ་སྤྲོའི་ངང་ནས་དཔྱིད་གསར་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-31

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། ལྷོ་ཁ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་འཕྱོངས་རྒྱས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། སྨྱན་སྦྱོར་ལྟེ་གནས། ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་བཅས་དང་མཉམ་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན”—རིག་གནས་ཁྱིམ་ཚང་ཁྲིར་སྤེལ་བའི་རིག་རྩལ་དམངས་ཕན་བྱེད་སྒོ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོར་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་འཁྲབ་སྟོན་བྱས་པ་དང་སྤུས་དག་གོང་ཁེའི་ལོ་གསར་གྱི་མཁོ་ཆས་འཚོང་བའི་ཚོང་འདུས་འགོ་ཚུགས་པ་མ་ཟད། ད་དུང་མང་ཚོགས་ལ“ཁྱིམ་མི་མཉམ་འཛོམས་ཀྱི་པར”རིན་མི་དགོས་པར་རྒྱག་པ་དང་། ས་གནས་ས་ཐོག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱིད་གསར་ཆ་ཡིག་བྲིས་ནས་སྤྲད་པས་མང་ཚོགས་ལ་རིག་གནས་ཀྱི་ལོ་གསར་དང་། བཀྲ་ཤིས་པའི་ལོ་གསར། བདེ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་ཐུབ་པ་བྱུང་ཡོད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།