མངའ་རིས་ས་ཁུལ་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ།
གནད་དོན་ཞིབ་བཤེར་ལྟ་བསྡུར་ནན་པོ་བྱས། འཛེམ་མེད་དམར་འདོན་དག་ཐེར་ནན་ཏན་བྱས།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས“སློབ་སྦྱོང་བྱེད་ཀྱིན་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར”བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མི་འདང་ས་བཙལ་འཚོལ་ཞིབ་ཚགས་བྱེད་པ། འཕྲལ་ཞིབ་འཕྲལ་བཅོས་དང་འཚོལ་བཤེར་གཏིང་ཟབ་ཀྱིས་དངོས་སུ་དག་ཐེར་མཐའ་གཅིག་ཏུ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་ཚོར་ཐུབ་པ་བྱས་ཡོད།
“འཚོལ་བཤེར”གཏིང་ཟབ་དང་ཞིབ་ཚགས་བྱས་ཤིང་། མངའ་རིས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་འཕྲལ་མཁོ། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ལེ་ལག་ཚང་བའི་ངང་གསེད་བཀྲོལ་དང་འཚོལ་ཞིབ་བྱས་ཏེ། གནས་པའི་ཞན་ཆར་ཕྱོགས་ཡོངས་ནས་འཚོལ་བཤེར་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དམ་འཛིན་གྱིས་དབྱེ་ཞིབ་ཞིབ་ཚགས་བྱས་པས། རིམ་ཁག་འགོ་ཁྲིད་ཚན་ཁག་གི་གནད་དོན་ཁྱོན་308དང་ཏང་ཡོན་མི་སྒེར་གྱི་གནད་དོན་1710བཤེར་འདོན་ཐུབ་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཀྱིས་འདོན་པ་དང་། ཕན་ཚུན་རོགས་རམ། གོང་རིམ་གྱིས་འདོན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཏང་ཡོན་གྱི་བསམ་འཆར་དང་གྲོས་འགོ་282བསྡུ་ལེན་བྱས་པ། ཐབས་ཇུས་ལེགས་སུ་གཏོང་བ་དང་ལས་ཀའི་བྱེད་སྟངས་ལེགས་སུ་གཏོང་སྟངས་36དང་ལེན་བྱས་ནས། ལྷག་བསམ་དག་ཤོས་དང་འབད་བརྩོན་ཆེ་ཤོས་བྱས་ནས་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཡོད།
“དག་ཐེར”ནན་པོ་དང་ཏན་ཏིག་བྱས་ཤིང་། མངའ་རིས་ས་ཁུལ་གྱིས་སྐོར་གཟིགས་སྐོར་ཞིབ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ། ཆེད་དོན་རྩིས་བཤེར་སོགས་ཀྱིས་ཚུར་ལན་བྱས་པའི་གནད་དོན་དག་ཐེར་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་འཚོལ་བཤེར་དག་ཐེར་བྱ་རྒྱུ་མཉམ་དུ་ཇུས་འགོད་དང་། མཉམ་དུ་སྐུལ་འདེད། མཉམ་དུ་དོན་འཁྱོལ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རིགས་དབྱེ་ལེགས་སྒྲིག་དང་ཕྱོགས་བསྡུས་བྱས་ནས། དག་ཐེར་བྱ་ཐབས་བཟོས་པ་དང་། དག་ཐེར་གྱི་རྩིས་ཁྲ་བཟོས་པ། རྩིས་ཁྲ་ཅན་གྱིས་དོ་དམ་དང་། རྣམ་གྲངས་ཅན་གྱིས་སྐུལ་འདེད། སྟབས་བསྟུན་ཅན་གྱིས་ཐོ་ཁོངས་ནས་སུབ་པ་བཅས་བྱས་ཏེ་དག་ཐེར་ངོ་མ་དང་དག་ཐེར་གནད་འཁེལ་ཡོང་བར་འགན་ལེན་བྱས་ཡོད། མིག་སྔའི་བར། ས་ཁུལ་ཡོངས་ཀྱིས་འཚོལ་བཤེར་བྱས་པའི་གནད་དོན་2018དུས་རིམ་གྱི་འཕེལ་རིམ་ལ་གཞིགས་ནས་ཚང་མ་དག་ཐེར་བྱས་པ་དང་འབྲེལ་ཐོ་ཁོངས་ནས་བསུབས་ཡོད། རུ་ཐོག་རྫོང་གིས་དམིགས་བསལ་གྱི་གཅོང་ནད་རིགས་5ཡི་ནད་པ་81གི་སྨན་རྫས་སྤྱོད་པའི་ཁུར་པོ་ཡང་དུ་བཏང་སྟེ་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་ཡོད།
ཚན་རིག་དང་མཐུན་པའི“བཅོས་སྒྲིག”གནད་སྨིན་བྱས་ཤིང་། མངའ་རིས་ས་ཁུལ་གྱིས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཆེད་དོན་བཅོས་སྒྲིག་ཁག་3དང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ཆེད་དོན་བཅོས་སྒྲིག་ཁག་6ལ་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་པའི་རྨང་གཞིའི་ཐོག་དོན་དངོས་དང་ཟུང་འབྲེལ་གྱིས་འཐུང་ཆུའི་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་མང་དུ་བཏང་བ་མ་ཟད། བཅོས་སྒྲིག་གི་དམིགས་ཚད་དང་། བཅོས་སྒྲིག་བྱ་ཐབས། བཅོས་སྒྲིག་གི་འགན་འཁྲི། བཅོས་སྒྲིག་གི་དུས་བཀག་བཅས་རེ་རེ་བཞིན་གསལ་པོ་བཟོས་ནས། དམིགས་ཚད་ཁ་གསལ་དང་། འགན་འཁྲི་ཁ་གསལ། བྱ་ཐབས་ཞིབ་ཕྲ་བཅས་ཡོང་བར་བྱས་ཏེ། གནད་དོན་བཙལ་འཚོལ་གནད་ལ་འཁེལ་བ་དང་། བྱ་ཐབས་གནད་ལ་འཁེལ་བ། དམིགས་ཚད་གནད་ལ་འཁེལ་བ། དུས་བཀག་གཏན་འཁེལ་ཐུབ་པ་བཅས་བྱུང་ཡོད། མིག་སྔའི་བར། ས་ཁུལ་གྱི་ཆེད་དོན་བཅོས་སྒྲིག་ཁག་7གྱི་དག་ཐེར་བྱ་ཐབས་119ཚང་མ་དག་ཐེར་ཐུབ་པ་དང་འབྲེལ་ཐོ་ཁོངས་ནས་བསུབས་ཡོད།
གོང་འོག་མཉམ་འགུལ་གྱིས“དམ་འཛིན”བྱས་ཤིང་། མངའ་རིས་ས་ཁུལ་གྱིས་དག་ཐེར་བཅོས་སྐྱོང་གི་གནད་དོན་ཕྱོགས་ཡོངས་ནས་དང་ལེན་དང་དོན་འཁྱོལ་བྱས་ནས། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ཐུན་མོང་གི་གནད་དོན་ལ་མཉམ་དུ་ལན་བརྒྱབ་སྟེ་དག་ཐེར་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། མིག་སྔའི་བར། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཚན་པས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པར་དོན་འཁྱོལ་དང་ལེན་བྱ་རྒྱུར་བཏོན་པའི་གནད་དོན་33ཁྲོད་ནས་གནད་དོན་32དག་ཐེར་བྱས་པ་དང་འབྲེལ་ཐོ་ཁོངས་ནས་བསུབས་ཡོད་ལ། གནད་དོན་ལྷག་མ་གཅིག་དེ་2024ལོའི་ཟླ་12པའི་ཟླ་མཇུག་ཏུ་དག་ཐེར་བྱེད་པ་དང་འབྲེལ་ཐོ་ཁོངས་ནས་བསུབ་རྒྱུ་རེད།