གཞིས་རྩེའི་འགག་སྒོས།
“གཞི་རིམ་དུ་སྐྱོད་པ་བཞིའི”བྱེད་སྒོ་སྤེལ་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། གཞིས་རྩེའི་འགག་སྒོས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་གྲུབ་ཆ་དང་ཁེ་ལས་ཀྱི་དགོས་མཁོར་དམིགས་པ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། འཐབ་ཕྱོགས་དང་པོར་བྱ་བ་དངོས་སྒྲུབ་པ་དང་ས་གནས་ས་ཐོག་ཏུ་དོན་འཁྱོལ་ལ་དམ་འཛིན་མཐའ་འཁྱོངས། “ཀོན་ཀྲང་གིས་སྲིད་ཇུས་སྒྲོག་འགྲེལ”དང“གཅིག་གཏད་གཅིག་གི་འགག་སྒོ་དང་ཁེ་ལས་འབྲེལ་གཏུག”གི་ལམ་སྲོལ་རྒྱུན་ཆད་མེད་པར་ཟབ་གཏོང་། “གློད་སྡོམ་ཞབས་གསུམ”དང“ལག་ཁྱེར་མང་པོ་ཟླ་སྒྲིལ”སོགས་ཀྱི་སྒྱུར་བཅོས་བྱ་ཐབས་རིམ་སྤོར་ལ་སྐུལ་འདེད། ནུས་ཤུགས་ཡོད་རྒུས་ཁེ་ལས་ཐོ་འགོད་སྙན་སེང་གི་ལས་དོན་ལེགས་གཏོང་བཅས་བྱས་ཏེ་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་ཚོང་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
གཞིས་རྩེའི་འགག་སྒོས་ཁེ་ལས་ལ་བརྟག་ཞིབ་གནད་སྨིན་བྱས་ནས“དྲ་སྦྲེལ+”བརྒྱུད“གཅིག་གཏད་གཅིག”གི་ལས་སྒོའི་མཛུབ་ཁྲིད་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་ལ“གཅིག་འཐུས་རྣམ་པའི”བློ་འདྲིའི་ཞབས་འདེགས་ཞུ་བ་དང་། ཉམས་མྱོང་བཟང་པོ་ཁྱབ་གདལ་ཤུགས་ཆེན་གཏོང་བ། དྲིལ་བསྒྲགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཕན་པ་མཉམ་སྤྱོད་ཐུབ་པར་ཁྲིད་སྟོན་བྱས་ཡོད། དེ་དང་དུས་མཚུངས་གཞིས་རྩེའི་འགག་སྒོས་རང་འགུལ་ངང་སྒོ་རྩར་ལས་དོན་སྒྲུབ་པ་མཐའ་འཁྱོངས་བྱས་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་དཀའ་ངལ་སེལ་བ་དང་ཁེ་ལས་དང་འབྲེལ་བའི་ཐོ་འགོད་སྙན་སེང་དང་འགག་སྒྲོལ་སོགས་ཀྱི་ཐུན་མོང་གི་གནད་དོན་30ལྷག་ཙམ་གཅིག་སྡུད་ངང་ཐག་གཅོད་བྱས་པ་མ་ཟད། ཀྲུང་ལུགས་སྨན་རྒྱུ་ཆོག་འཐུས་དང་ཁྲལ་གྲོན་སོགས་ཀྱི་གནད་དོན་ལ་ཆེད་མངགས་གསལ་བཤད་བྱས་པ་རེད།
གཞིས་རྩེའི་འགག་སྒོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀོན་ཀྲང་ཉི་མ་ཚེ་རིང་གིས། གོམ་སྟབས་རྗེས་མར་གཞིས་རྩེའི་འགག་སྒོས“མི་དམངས་ཀྱི་འགག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་མུ་མཐུད་ལག་ལེན་བསྟར་ནས་ཁེ་ལས་ལ་འགག་སྒོའི་སྲིད་ཇུས་ཁྲིད་སྟོན་དང་འགག་སྒྲོལ་ལྟ་འདོམས་ཀྱི་མཛུབ་ཁྲིད་མཁོ་འདོན་དང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ། སྲིད་ཇུས་བཟང་པོ་དོན་འཁྱོལ་ཧུར་ཐག་བཅས་བྱས་ནས་གཞིས་རྩེའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་འགག་སྒོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།