དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མེ་ཏོག་རྫོང་ནས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་གསེར་ཞིམ་མཐོང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-31

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་ལྗོངས་མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཚན་ཞིབ་མི་སྣས་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དམར་ཕྱིའི་པར་ཆས་བརྒྱུད་ས་བབ་མཐོ་ཚད་སྨི་4415ཡོད་སར་གསེར་ཞིམ་མཐོང་བ་འདི་ནི་སྔོན་ཆད་ནག་ཆུའི་ལྷ་རི་རྫོང་གི་ས་བབ་མཐོ་ཚད་སྨི་4300ཡོད་སར་མཐོང་བའི་གསེར་ཞིམ་གྱི་ཟིན་ཐོ་ལས་བརྒལ་ནས། ད་བར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་སུ་མཐོང་བའི་གསེར་ཞིམ་ཞིག་ཡིན་པ་རེད།

    གསེར་ཞིམ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཤིག་དང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)གྱི་སྟོངས་ལ་ཉེ་བའི་དངོས་རིགས་ཀྱི་མིང་གཞུང་དམར་པོའི་ནང་གི་སྟོངས་ལ་ཉེ་བའི་དངོས་རིགས་ཤིག་ཡིན་པ་རེད།

    ཚན་ཞིབ་ཚོགས་པས་མིག་སྔར་རིམ་རྩིས་བརྒྱབ་ན་གནས་ཚིགས་304རུ་དམར་ཕྱིའི་པར་ཆས་བསྒར་ཡོད་པ་ལས་གནས་ཚིགས་105ཡི་དམར་ཕྱིའི་པར་ཆས་ཀྱིས་ས་བབ་མཐོ་ཚད་སྨི་812ནས་4415བར་གྱི་གསེར་ཞིམ་གྱི་སྒུལ་སྐྱོད་བརྙན་རིས་ཐེངས་355ཕབ་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།