དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འདི་ལོ་ནི་ཧྥ་ཀྲུང་འབྲེལ་བ་ཟབ་ཏུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད”

    —— ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཧྥ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཨ་ལུའོ་ཙེར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-30

    འདི་ནི་ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཧྥ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་དང་གྲོས་མི་ཨའེ་ལི་ཁེ·ཨ་ལུའོ་ཙེ་ཡིས་ཕ་རི་སིར་ཡོད་པའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མིའི་གཞུང་དོན་ཁང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    ཀྲུང་ཧྥ་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྐབས་འདིར། ཧྥ་རན་སེ་རྒྱལ་དམངས་གྲོས་ཚོགས་ཧྥ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་དང་གྲོས་མི་ཨའེ་ལི་ཁེ·ཨ་ལུའོ་ཙེ་ཡིས་ཉིན་ཤས་གོང་ཕ་རི་སིར་ཡོད་པའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མིའི་གཞུང་དོན་ཁང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་རང་ཉིད་དང་ཀྲུང་གོའི་རིག་གནས་དབར་གྱི“ལས་འབྲེལ”ལྷུག་པོར་གླེང་ཞིང་། ཁོང་གིས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་ནི་ཧྥ་ཀྲུང་འབྲེལ་བར་ཤུགས་བརྒྱབ་ནས་ཕྱོགས་གཉིས་པོའི་ཐུན་མོང་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    2023ལོའི་ཟླ་བཞི་པར་ཨ་ལུའོ་ཙེ་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན་མོད། ཡིན་ན་ཡང་ལོ་བཅུ་ཕྲག་ཁ་ཤས་རིང་ཀྲུང་ལུགས་གསོ་རིག་དང་ཀྲུང་གོའི་མཚན་ཉིད་རིག་པར་ཞིབ་འཇུག་བྱས་སྟབས་ཀྲུང་གོར་རྒྱུས་མངའ་ཡོད། སྐབས་དེར་ཁོང་ནི་ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཧྥ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞིའི་མིང་ཐོག་ནས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཉམ་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བ་རེད།

    ཁབ་བཙའ་དང་ཀྲུང་གོའི་མཚན་ཉིད་རིག་པར་ཞིབ་འཇུག་བྱས་པའི་རྐྱེན་གྱིས་ཤར་ནུབ་རིག་གནས་ལ་བཅངས་པའི་ཨ་ལུའོ་ཙེའི་ལྟ་ཚུལ་ལ་འགྱུར་བ་ཐེབས་ཡོད། ཁོང་གིས“ཀྲུང་གོའི་མཚན་ཉིད་རིག་པས་བྱ་དངོས་གང་ཞིག་གི་དྲང་ཕྱོགས་དང་ལྡོག་ཕྱོགས་དབར་གྱི་ཕན་ཚུན་འགྱུར་ལྡོག་མང་པོ་གླེང་འདུག ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་མི་འདྲ་བས་ཕན་ཚུན་གསབ་རེས་བྱེད་ཆོག”ཅེས་བཤད།

    ཨ་ལུའོ་ཙེ་ཡིས་དེ་སྔོན་ཀྲུང་གོར་ཡོང་མྱོང་ཡོད་པའི་ཧྥ་རན་སེ་བ་མང་པོ་ཞིག་དང་སྤེལ་རེས་བྱས་མྱོང་བ་སྟེ། “ཁོང་ཚོ་ཚང་མས་ཀྲུང་གོ་ཧ་ལས་པའི་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་འདུག་ཅེས་ང་ལ་བཤད་བྱུང”ཀྲུང་གོར་སླེབས་རྗེས། ཀྲུང་གོའི་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་གྱི་འཚོ་བ་དང་། སྟབས་བདེ་ལ་སྐྱིད་སྣང་དོད་པའི་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བ། ཁྲོམ་གཞུང་དུ་ཕར་འགྲོ་ཚུར་འོང་བྱེད་པའི་གློག་སྒུལ་འཁོར་རིགས་བཅས་མཐོང་རྗེས་ཨ་ལུའོ་ཙེ་ཡིས“ཀྲུང་གོའི་འཕེལ་རྒྱས་དངོས་འབྲེལ་ཧ་ཅང་མགྱོགས་པོ་འདུག”ཅེས་བཤད།

    ན་ནིང་ཟླ་བཅུ་གཉིས་པར། ཨ་ལུའོ་ཙེ་སླར་ཡང་ཀྲུང་གོར་འཚམས་འདྲི་ཡོང་བ་རེད། ཁོང་གིས་ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཧྥ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་སྣེ་ཁྲིད་དེ་ཀྲུང་གོ་ཕྱོགས་དང་སྤེལ་རེས་བྱས་ཤིང་། ཁོང་གིས། ཧྥ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་གྲོས་ཚོགས་ཕྱི་འབྲེལ་གྱིས་ཕྱོགས་གཉིས་པོར་ཕན་ཚུན་གྱི་ལངས་ཕྱོགས་སྔར་བས་གསལ་པོར་ཤེས་སུ་འཇུག་ཐུབ། “མཛའ་གྲོགས་ཞེས་པའི་ཐ་སྙད་འདི་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཕན་ཚུན་ལ་བསམ་པ་བཟང་པོ་བཅངས་དགོས། ང་ཚོས་ཕ་རོལ་པོར་ངེས་པར་དུ་བསམ་ཤེས་ཧུར་ཐག་བྱེད་དགོས”ཞེས་བཤད།

    ཧྥ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྐོར་གླེང་སྐབས། ཨ་ལུའོ་ཙེ་ཡིས། ཀྲུང་གོར་མཚོན་ན“60”ནི་གྲངས་ཀ་ཧ་ཅང་གལ་ཆེན་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད། “ལོ་60ཡིས་རེས་འཁོར་རྙིང་པ་ཞིག་མཇུག་འགྲིལ་ཞིང་རེས་འཁོར་གསར་པ་ཞིག་འགོ་བརྩམས་པ་མཚོན་ལ་འགྲུལ་བཞུད་གསར་པ་ཞིག་གི་འགོ་ཚུགས་པ་ཡང་ཡིན” འདི་ལོ་ནི་ཧྥ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཡིན་ལ། ཧྥ་ཀྲུང་རིག་གནས་ཡུལ་སྐོར་ལོ་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གཉེར་བའི་ལོ་ཡང་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཚོན་ན། འདི་ལོ་ནི་དེ་སྔོན་དང་བསྡུར་ན་དོན་སྙིང་དེ་བས་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ཞེས་བཤད།

    ཨ་ལུའོ་ཙེ་ཡིས། འདི་ལོ་ནི་ཧྥ་ཀྲུང་འབྲེལ་བ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་རིང་། ཕྱོགས་གཉིས་པོའི་དབར་མཛའ་བརྩེ་ཟབ་མོ་ཆགས་ཡོད། ངས་འདི་ལོར་གཉེར་རྒྱུ་ཡིན་པའི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་ལ་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། བྱེད་སྒོ་དེ་དག་སྤེལ་བ་ལས་ཧྥ་ཀྲུང་རིག་གནས་དང་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་ཐེབས་རྒྱུ་དང་། སྤེལ་རེས་དེ་དག་ནི་ཧྥ་ཀྲུང་འབྲེལ་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    མ་འོངས་པར། ཨ་ལུའོ་ཙེ་ཡིས་ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། “ང་ཚོའི་གཏན་ཚིགས་ནི་ལྟེ་མང་སྣེ་མང་ཅན་གྱི་འཛམ་གླིང་ཞིག་ཡིན་པས། ང་ཚོས་ངེས་པར་ཏུ་སྣེ་མང་ཅན་གྱི་འཛམ་གླིང་འཛུགས་གཏོད་བྱེད་དགོས། འདི་ནི་ང་ཚོས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ཁ་ཕྱོགས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།